e-texts navigator
Collection
Volume
Page
Wylie

41b1 འཁོར་དང་བཅས། བུ་དང་བཅས། གཉེན་དང་འཁོར་དུ་བཅས་ཏེ། དངོས་པོ་ཐམས་ཅད་ཀྱིས་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་སོང་ནས་རང་གི་གནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་།
41b2 བཅས་པ་ལ་ཕུལ་ཏེ། འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདག་སྨོན་ལམ་འདེབས་པ་ནི་འདི་ལགས་ཏེ། གང་བདག་གི་གནས་འདི་ནས། ཆུ་ཀླུང་ཆེན་པོ་བཞི་འབབ་པ་རྒྱ་མཚོ་ཆེན་པོ་བཞིར་འབབ་པའི་རྒྱ་མཚོ
41b3 ཆེན་པོ་དེ་དག་དང་། བཅོམ་ལྡན་འདས་ཆུ་ཀླུང་ཆེན་པོ་འདི་དག་ལ་འཚལ་བའི་སེམས་ཅན་རྐང་གཉིས་པ་དང་། རྐང་བཞི་པ་དང་། རྐང་མངས་དང་། རི་དགས་དང་། བྱ་གང་ལགས་པ་དེ་དག་རྒྱུ་དེས་བླ་ན་མྱེད་པ་ཡང་དག་པར་རྫོགས
41b4 པའི་བྱང་ཆུབ་ཏུ་གྱུར་ཅིག། གང་དག་བྱང་ཆུབ་ཏུ་སྟོརན་པ་དེ་དག་ཀྱང་ཆུ་དེས་རྣམ་པར་གྲོལ་བར་གྱུར་ཅིག། དེ་ནས་དེའི་ཚེ་སངས་རྒྱས་འཛུམ་པ་མ་ཛང་ངོ་།། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་གང་གི་འཛུམ
41b5 པ་མཛད་པའི་ཆོས་ཉིད་དེ། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་གི། སྒོ་ནས་ཁ་དོག་དུ་མའི་འོད་གཟེར་བྱུང་ནས་མཐའ་ཡས་མུ་མྱེད་པའི་འཇིག་རྟེན་གི་ཁམས་འོད་ཀྱིས་ཁྱབ་པར་བྱས་ཏེ། སླར་ལོག་ནས།
41b6 དེ་བཞིན་གཤེགས་པའི་དབུའི་གཙུག་ཏུ་ནུབ་པོ།། དེ་ནས་ཚེ་དང་ལཱན་བ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་ད་མཚུངས་པ་མ་མཆིས་གཟུགས་མངའ་མཐོང་ན་དགའ།། སྐྱེས་མཆོག
41b7 བཅོམ་ལྡན་སྐྱེས་བུ་ཁྱུ་མཆོག་པ།། འཇིག་རྟེན་འདས་ལ་འཇིག་རྟེན་སྒྲོན་མ་མཛད།། གཟི་མངའ་བཤད་པའི་དོན་འདི་བདྲག་ལ་གསུངས།། བསོད་ནམས་རྒྱ་མངའ་བསོད་ནམས་ལྷག་པ་པོ།། ཡེ་ཤེས་ཀྱིས་འཕགས་ཡེ་ཞེས་སྣང
41b8 མཛད་པ། ཆོས་དབང་ཀྱི་མཚུངས་ཆོས་ཀྱི་བཀའ་མཆིད་ཅན། བཅོམ་ལྡན་ཅིའི་དོན་ཏུ་བཞང་བ་སྟོནང་། བདེན་པ་གཟིགས་ཤིང་རྟག་ཏུ་དབེན་ལ་དགྱེས། དབང་པོའི་བའི་གནས་ཕ་རོལ་གྱི་ནང་། ནི་ལ་རབ་ཞིའི་གནས་དགྱེས་པ་ཟོ།།
41b9 གཞན་དོན་ཡོན་ཏན་མཐར་ཕྱིམ་བདག་ལ་གསུངས།། འཇམ་པའི་གསུང་ཅན་ཚངས་པའི་དབྱངས་འབྱིན་པ། བྱ་མཆོག་མང་པོ་སྒྲ་དང་སིལ་སས་ནཱ།། སྒྲ་དབྱངས་ཡན་ལག་ཐམས་ཅད་རྫོགས་པའི་དབྱངས།། ཐུབ་པ་བཤད་པར




iiif viewer powered by OpenSeadragon

41a - 42a

Texts on this page

Ng5.1 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo