| e-texts navigator |
| Wylie |
41a1 ཀྱི་ཉིང་མཚམས་སྦྱོར་བ་དེ་ནི་སྦྱོར་བ་ཞེས་བྱའོ།། བཙུན་པ་རབ་འབྱོར་དེ་དེ་ལྟར་རབ་ཏུ་བརྩོན་པའི་བྱང་ཆུབ་སེམས་དཔའ་ནི་ཚུལ་བཞིན་ལ་རབ་ཏུ་སྦྱོར་བ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུའི་རྒྱལ་པོའི
41a2 དེ་ལ་ལེགས་སོ་ཞེས་བྱ་བ་བཏང་སྟེ། སྐྱེས་བུ་དམ་པ་ཁྱོད་ཀྱིས་ཇི་ལྟར་སངས་རྒྱས་ཀྱི་མཐུས་བྱང་ཆུབ་སེམས་དཔའི་ཚུལ་བཞིན་ལ་སྦྱོར་བ་འདི་དེ་ལྟར་བསྟན་པ་འདི་ལེགས་སོ་ལེགས་སོ།། བྱང་ཆུབ་སེམས་དཔའ་གང་དག་ཐེག
41a3 པ་ཆེན་པོ་འདི་ལ་ཚུལ་བཞིན་དེ་ལྟ་བུ་ལ་རབ་ཏུ་བརྩོན་པ་དེ་དག་ནི་ཐམས་ཅད་མཁྱེནད་པ་ཉིད་དུ་ངེས་པ་ཡིན་པར་བལྟའོ།། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན
41a4 འདས་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟང་ཟིང་མ་མཆིས་པའི་སེམས་ཀྱིས་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིས་པ་ལགས།། བཀའ་སྩལ་པ། རིགས་ཀྱི་བུ་གང་གི་ཕྱིར་བྱང
41a5 ཆུབ་སེམས་དཔའ་ས་ཆོས་ཐམས་ཅད་བདག་མྱེད་པ་དང་། སེམས་ཅན་མྱེད་པ་དང་། སྲོག་མྱེད་པ་དང་། གང་ཟག་མྱེད་པར་ཤེས་ནས། གཟུགས་སུ་མ་ཡིན། མཚན་དུ་མ་ཡིན། ཆོས་སུ་མ་ཡིན་པར་དེ
41a6 བཞིན་གཤེགས་པ་ཡང་དག་པར་རྗེས་སུ་མཐོང་བ་ལྟ་བུ་ནི་ཟང་ཟིང་མྱེད་པའི་སེམས་ཀྱིས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ།། དེ་བཞིན་གཤེགས་པའི་ཆོས་ཉིད་གང་ཡིན་པ་དེ་ནི་ཆོས་ཀྱི་དབྱིངས་སོ།།
41a7 ཆོས་ཀྱི་དབྱིངས་གང་ཡིན་པ་དེ་ནི་ཐམས་ཅད་ཀྱི་རྗེས་སུ་སོང་པ་ཞེས་བྱ་སྟེ། དེ་ལྟར་ཆོས་ཐམས་ཅད་ཀྱི་དབྱིངས་ཀྱི་རྗེས་སུ་སོང་བར་མཐོང་བ་དེ་ལྟ་བུ་ནི། ཟང་ཟིང་མྱེད་པའི་སེམས་ཀྱིས་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ།།
41a8 གང་ཆོས་ཀྱི་དབྱིངས་སུ་འདུས་མ་བྱས་པ་རབ་ཏུ་སྦོམ་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་འདུས་མ་བྱས་པ་སྟོནང་པ་དང་། འདུས་བྱས་དང་། འདུས་མ་བྱས་གཉིས་སུ་མྱེད་པ་འདི་ལྟ་བུ་ནི་ཟང་ཟིང་མྱེད་པའི་སེམས་ཀྱིས་དགེལ
41a9 འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ།། བསྟན་པ་འདི་བཤད་པའི་ཚེ། ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པས་རྗེས་སུ་འཐུན་པའི་ཆོས་ལ་བཟོད་པ་རབ་ཏུ་ཐོབ་པར་གྱུར་ཏོ།། དེ་ནས་ཀླུའི་རྒྱལ་པོ་མ་དྲོས་པས། ཆུང་མའི