| e-texts navigator |
| Wylie |
39b1 ཐོབ་པར་བྱའོ།། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་པ་ནི་འདའ་བ་སྟེ། ཉན་ཐོས་ཀྱི་འབྲས་བུ་ཐོབ་པར་མྱི་བྱེད་ཀྱི། བྱང་ཆུབ་ཀྱི་སྙིང་པོའི་འབྲས་བུ་དང་ཉེ་བར་བྱེད་པའོ།། དེའི་ཕྱིར་ཉན་ཐོས་ཀྱི་སྐྱོན་མྱེད་པ་ནི་ཚད་དུ་བྱའོ།།
39b2 བྱང་ཆུབ་སེམས་དཔའི་ནི་ཚད་དུ་བྱ་བ་མ་ཡིན་ནོ།། ཀླུའི་བདག་པོ་འདི་ལྟ་སྟེ་དཔེར་ན། སྐྱེས་བུ་གཉིས་ཤིག་གཡང་ས་ཆེན་པོར་ལྟུང་བ་ལས། དེ་ལ་སྐྱེས་བུ་གཅིག་ནི་འདི་འདྲ་བའི་སྟོབས་དང་། བརྩོན་འགྲུས་དང་། རྟུལ་བ་དང་། ཐབས་དང་།
39b3 སྔོན་གྱི་སྦྱོར་བ་དང་། རིགས་དང་ལྡན་པར་གྱུར་པ་ཞིག་པས་ལྟུང་ཡང་བརྩོན་འགྲུས་ཆེན་པོའི་སྟོབས་ཀྱིས་གཡང་ས་ཆེན་པོ་དེའི་ཁར་ཕྱིན་ཏེ་གནས་སོ།། གཅིག་ཤོས་ནི་སྟོབས་བསྐྱེད་པ་ཆུང་ལ། ཐབས་ལ་མྱི་མཁས་པས་ལྟུང་བ་དེ
39b4 བཞིན་དུ། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་ཡང་ཤེས་རབ་ཀྱི་སྟོབས་བསྐྱེད་པས། ཆོས་ཐམས་ཅད་སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པར་ལྟ་ཞིང་ཉེ་བར་རྟོགས་ལ།
39b5 སེམས་ཅན་ཐམས་ཅད་ལ་དམྱིགས་པ། སྙིང་རྗེ་ཆེན་པོས་ཡང་དག་པ་ར་བཏང་བའི་ཐབས་ལ་མཁས་པས་ཡང་ཐམས་ཅད་མཁྱེནད་པའི་སེམ། ས་ལ་གནས་སོ།། ཉན་ཐོས་ཀྱི་ཐེག་པ་ཅན་ནི་ཆོས་ལ་སོ་སོར་བརྟགས།
39b6 ནས། འབྲས་བུ་མངོན་ཏུ་བྱེད་དོ།། ཀླུའི་བདག་པོ་གཡང་ས་ཆེན་པོ་ཞེས་བྱ་བ་དེ་ནི་འདུས་མ་བྱས་ཀྱི་ཆོས་ཀྱི་ཚིགས་བླ་དགས་སོ།། བརྩོན་འགྲུས་ཀྱི་སྟོབས་དང་ལྡན་པའི་སྐྱེས་བུ་ཞེས་བྱ་བ་དེ་ནི་བྱང་ཆུབ་སེཾས
39b7 དཔའི་ཚིག་བླ་དགས་སོ།། ག་ཡང་དུ་ལྷུང་ནས་སླར་ཟློགས་མ་ནུས་པ་ཞེས་བྱ་བ་དེ་ནི་ཉམ་ཐོས་ཀྱི་ཐེག་པ་ཅན་གྱི་ཚིག་བླ་དགས་སོ།། ཀླུའི་བདག་པོ་གང་དག་སྐྱོན་མྱེད་པ་འདི་ཐོས་པ་དེ་དག་ནི་ངེས་པར་བླ་ན་མྱེད་པ་ཡང་དག་པར་རྫོས
39b8 པའི་བྱང་ཆུབ་ཏུ་བྱུང་ཞིང་། བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་དང་། ཡང་ཉེ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ཀླུའི་རྒྱལ་པོའི་བུ་རྣམ་པར་འཕྲུལ་པ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག
39b9 ཟང་ཟིང་མ་མཆིས་པའི་སེམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་རིང་དུ་གནས་པར་བགྱི་བ་དང་། དམ་པའི་ཆོས་ཡོངས་སུ་བཟུང་བའི་སླད་དུ་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་སྐྱབས་སུ་མཆིའོ།།