e-texts navigator
Collection
Volume
Page
Wylie

39a1 རྣམ་པར་རྟོག་པ་ལ་སྤྱོད་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དོ།། སྨོནད་པ་མྱེད་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་པ་སྟེ། ཐབས་ཀྱིས་ཀྱང་ཞུགས་པས་སྨོན་ལམ་ལ་སྤྱོད་པའི་སེམས་ཅན
39a2 རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་པའོ།། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་བདག་མྱེད་པའི་ཆོས་ལ་ཡང་འཇུག་ལ། སེམས་ཅན་ཐམས་ཅད་ཀྱང་མྱི་རྟག་པ་ཉིད་དང་། སྲོག་མྱེད་པ་དང་། གང་ཟག་མྱེད་པ་ལ་ཡང་འཇུག་ལ། བྱང་ཆུབ་ཀྱི
39a3 སེམས་ཀྱང་མྱི་བརྗེད་པ་དང་། འདུས་མ་བྱས་པའི་ཆོས་ལ་ཡང་འཇུག་ལ། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱི་དགེ་བའི་རྩ་བ་ཡང་སྩོགས་པ་དང་། ཤི་ནང་ཏུ་ཞི་ཞིང་ཉེ་བར་ཡང་ཞི་ལ། མ་རིག་པ་ཤི་ནད་ཏུ་མ་ཞི་ཞིང་ཉེ་བར
39a4 ཡང་མ་ཞི་བ་དང་། བག་ལ་ཉལ་ཡང་ཡང་དག་པར་འཇོམས་ལ། སྔོན་གྲྀ་དམ་བཅས་པ་ཡང་མྱི་འདོར་བ་དང་། སེམས་དང་། ཡིད་དང་། རྣམ་པར་ཤེ་ས་པ་དང་ཡང་བྲལ་ལ། ཐམས་ཅད་མཁྱེནད་པའི་སེམས་ལ་ཡང་མཉམ
39a5 བར་བཞག་པ་དང་། ང་རྒྱལ་ཐམས་ཅད་ཀྱང་ཡང་དག་པར་འཇོམས་ལ། སེམས་ཅན་ཐམས་ཅད་ཀྱི་དབང་པོ་རྟོགས་པ་ལ་མཁས་པ་དང་། འཕ། གས་པའི་ཡོན་ཏན་ཡང་བརྗོད་ལ། འཕགས་པ་མ་ཡིན་པའི་ཆོས་ལ
39a6 གནས་པར་བརྩོན་པ་དང་། སྤྲོས་པ་ཡང་མྱེད་ལ། སྤྲོས་པ་ལ་ཡང་འདུ་ག་པ་དང་། ཉེ་བར་ཡང་ཞི་ལ་ཉེ་བར་མ་ཞི་བ་ཡང་ཡོངས་སུ་འཛིན་པ་དང་། མྱི་གཡོ་ཞིང་རྣམ་པར་མྱི་གཡོ་བ་ཡང་རྒྱུན་མྱི་གཅོད་ལ། སངས་རྒྱས་ཀྱི
39a7 ཞིདི་རྒྱུན་རྣམས་བསྒྲུབ་པ་ཡང་ཉེ་བར་གནས་པ་ནི། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའི་སྒོན་མྱེད་པ་འཇིག་རྟེན་ལས་འདས་པ་སྟེ། འཇིག་རྟེན་ལས་ལོག་པ་ཡང་མ་ཡིན་པའོ།། ཀླུའི་བདག་པོ་དེ་ལྟར་གང་ཤེས་རབ་དང་། ཐབས་དང་ལྡན་པ
39a8 འཕགས་པའི་ཏིང་ངེ་འཛིན་འདི་ནི་བྱང་ཆུབ་སེམས་དཔའི་སྐྱོན་མྱེད་པ་ལ་འཇུག་པའོ།། ཀླུའི་བདག་པོ་འདི་ལྟ་སྟེ་དཔེར་ན། ཉན་ཐོས་ཀྱི་སྐྱོན་མྱེད་པ་ལ་འཇུག་པར་ནི་ལོག་པར་གྱི་ལྟུང་བའི་ཆོས་ཏེ། རྒྱུནད་ཏུ་ཞུགས་པ་ཞེས་བྱའོ།།
39a9 ཀླུའི་བདག་པོ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སྐྱོན་མྱེད་པ་ལ་འཇུག་པ་ན། ལོག་པར་མྱི་ལྟུང་བའི་ཆོས་ཏེ། ཕྱི་མྱི་ལྡོག་པ་ཞེས་བྱའོ།། ཀླུའི་བདག་པོ་ཉན་ཐོས་ཀྱི་སྐྱོན་མྱེད་པ་ལ་འཇུག་པ་ནི་མྱི་འདའ་སྟེ། གདོན་མྱི་ཟ་བར་འབྲས་བུ




iiif viewer powered by OpenSeadragon

38b - 39b

Texts on this page

Ng5.1 - 'phags pa klu'i rgyal po ma dros pas zhus pa zhes bya ba theg pa chan po'i mdo