e-texts navigator
Collection
Volume
Page
Wylie

278a1 གྲག་སྟེ། དུས་གཅིག་ཏུ་མྱི་འབྱུང་བས་ཕུང་པོ་ཡང་དུས་གཅིག་མྱི་འབྱུང་ངོ་།། མེ་ལོང་གི་དཔེ་ལ་འདྲ་བའི་ཕྱིར་གྲུམ་པོ་ལས་གྲུམ་པོར་སྐྱེ་བ་དག་དགག་པའི་ཕྱིར་མེ་ཤེལ་གི་དཔེ་བསྟན་ཏེ། མེ་ཤེལ་ལས་དེ་མྱི་འདྲ་བའི་མེ་འབྱུང་བའི
278a2 ཕྱིར་རོ།། རྒྱའི་དཔེ་ནི་ལྷ་ཚེ་འཕོས་པ་ལྷར་སྐྱེ། མྱི་ཚེ་འཕོས་པ་མྱིར་སྐྱེའོ་ཞེས་བྱ་བ་བསལ་བའི་ཕྱིར་ཁ་ཏོན་གྱི་དཔེ་བསྟན་ཏེ། འདིའི་དཔེ་ནི་བླ་མ་ཡིན་ལ། ཕ་རོལ་གྱི་དཔེ་ནི་སློབ་མ་ཡིན་ཏེ། ཐ་དད་པས་བླ་མ་ཡང་སློབ་མ་ཡིན
278a3 སློབ་མ་ཡང་བླ་མ་ཡིན་པའི་ཕྱིར་རོ།། མྱེ་ཤེལ་གྱི་དཔེ་ལ་མྱི་འདྲ་བའི་དཔེ་ཡིན་ཏེ། དགེ་བས་ངན་སོང་། མྱི་དགེ་བས་མཐོ་རས་སོ་ཞེས་ཟེར་བ་བསལ་བའི་ཕྱིར། མར་མེ་ལས་མར་མེ་མྱི་འདྲ་བ་མ་བྱུང་གི། མར་མེ་ལས་མར་མེ་འབྱུང་བ
278a4 བཞིན། དགེ་བས་མཐོ་རསི། མྱི་དགེ་བས་ངན་སོང་ནི་རིགས་པའོ།། ས་བོན་གྱི་དཔེ་ལ་ཤེས་པ་འཕེལ་ཞེས་ཟེར་བ་དཀག་པའི་ཕྱིར་རྒྱའི་དཔེ་བསྟན་ཏེ། རྒྱའི་རི་མོ་ན་འདྲ་བ་དེ་ལས་འཇིམ་པའི་གོང་བུ་ལ་ཡང་རི་མོ་གཞན་མྱི་འབྱུང་བའི
278a5 ཕྱིར་རོ།། སྦྱར་གྱི་དཔེ་ལས་གང་དག་གིསེ་ལྷའི་ལོ་རྒྱུས་མྱོང་ན། ད་གེ་བ་མ་ལུས་ཀྱང་སྐྱེ་བ་ཐམས་ཅད་དུ་ལྷར་སྐྱེ། ངན་སོང་གི་སྡུག་བསྔལ་མྱོང་བ་དག་མྱི་དགེ་བ་མ་བྱས་ཀྱང་སྐྱེ་བ་ཐམས་ཅད་དུ་ངན་སོང་དུ་སྐྱེའོ་ཞེས
278a6 ཟེར་བ་དག་དགག་པའི་ཕྱིར། མེ་ལོང་གི་དཔེ་བསྟན་ཏེ། མེ་ལོང་ལ་བ་ཞིན་ནི་འདྲ་བ་སྣང་བ་བཞིན་དུ། དགེ་བ་དང་མྱི་དགེ་བའི་འབྲས་བུ་འདྲ་བ། སྩོལ་ནས། མྱི་འདྲ་བར་སྦྱོར་བ་འགལ་བའི་ཕྱིར།། སྒྲའི་དཔེ་ལ་ནི་བྱེད
278a7 པ་པོས་བྱས་པ་ཡིན་ཏེ། མྱ་སྐད་མ་བསྒྲགས་པར་བྲག་ཆ་མྱི་འབྱུང་བ་བཞིན་དུ། བྱེད་པ་པོས་མ་བྱས་པར་སེམས་ཅན་རྣམས་མྱི་སྐྱེའོ།། ཞེས་ཟེར་བ་དེ་བསལ་བའི་ཕྱིར་སྐྱུར་ཀྱི་དཔེ་བསྟན་ཏེ། སྔར་འཐུངས་པ་དང་ཟ་མྱོང་བས་ཕྱིས་བརྗོད
278a8 སས་འགྲམ་ཆུ་ལྡང་བ་བཞིན་དུ། ལས་དང་ཉོན་མོངས་པ་སྔར་སྤྱོད་པའི་དབང་གིས་ཕྱིས་སྐྱེ་བ་ལེན་ཏོ།། ཀྱེ་རྒྱལ་པོ་ཆེན་པོ་སེམས་ཅན་སྐྱེ་བ་དང་འཇིག་པ་དང་། འདི་དང་ཕ་རོལ་དུ་འཕོ་བ་དང་། ཇི་ལྟར་འགྱུར་བ་དག་ནི་དེ་ལྟར་མཁྱེན
278a9 པར་མཛོད་ཅིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། འཁོར་འདུས་པ་ཐམས་ཅད་ཡིད་རངས་ཏེ་མངོན་པར་བསྟོད་དོ།། ཚེ་འཕོ་བ་ཅི་ལྟར་འགྱུར་བ་བསྟན་པའི་མདོའོ།། རྫོགས་སྷོ།། །




iiif viewer powered by OpenSeadragon

277b - 278b

Texts on this page

Ng5.17 - tshe 'pho ba ji ltar 'gyur ba zhus pa'i mdo