e-texts navigator
Collection
Volume
Page
Wylie

168a1 ཡིམ་པས།། མྱིག་གི་འབྲས་བུ་བཞིན་དུ་སྲུངས།། སྲོགས་བབ་ཀྱང་ཚུལ་ཁྲིམས་ནི།། གཏོང་བ་གྱི་མཁས་ཐུན་པོ་ཡིམ། སྲོག་ཆད་ཕྱི་མར་སྐྱེ་བ་སྟེ།། ཚུལ་ཁྲིམས་ཕྱི་མར་དེ་ས་མྱིན། དེ་བས་ཉེ་བར་འཁོར་སྩོགས་ཀྱིས།། དེ་ཉིད་ལ་མ
168a2 བརྟན་པར་བཟུང་།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལར་ནས།། ཉེ་བར་འཁོར་ལ་བསྡོགས་པ་དགེ་སློང་དེ་དག་ཡིད་རངས་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོད་དོ།། ། འཕགས་པ་ཉེ་བར་འཁོར
168a3 གྱིས་ཞུས་པ་ཞེས་བྱ་བའི་མདོ་རྫོགས་སོ།། ། #།། རྒྱ་གར་སྐད་དུ། ཨརྱ་མེ་ཏྲི་པ་རི་པྲད་ཏ་ན་མ་མ་ཧ་ཡ་ན་སུ་ཏྲ། བོད་སྐད་དུ་འཕགས་པ་བྱམས་པས་ཞུས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ
168a4 སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་འབ་བྱ་རྒོད་ཕུང་པོ་མིས་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་ཅིག་སྟེ། བྱང་ཆུབ་སེཾས
168a5 དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་གོ།། དེ་ནས་བྱང་ཆུབ་སེ། ས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་སྟན་ལས་ལངས་ཏེ་བླ་ཀློ་ཕྲག་པ་གཅིག། ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན
168a6 འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་འདི་ལ་ཆོས་སྐྱེ་ན་བ་རྣམ་པར་སྦྱིན་པ་གང་ལགས། དེ་སྐད་ཅེས་གསོལ་པ་དང་། དེ་ནས་བཅོ་མ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པ་ཡི་བཀའ་སྩལ་པ
168a7 བྱམས་པ། སྟོང་སུམ་གི་སྟོང་ཆེན་པོའི་འཇིག་རྟེན་གི་ཁམས་གང་ཀའི་ཀླུང་གི་བྱེ་མ་སྙེད་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དབུལ་བ་ཕུལ་བས།
168a8 གང་གིས་སྙིང་རྗེ་བས་ཚིགས་སུ་བཅད་པ་གཅིག་གཞན་གྱི་རྒྱུད་ལ་གཞག་ན། བསོད་ནམས་ཀྱི་ཕུང་པོ་འདི་ལ་བསོད་ནམས་ཀྱི་ཕུང་པོ་སྔ་མ་དེས། བརྒྱའི་ཆར་ཡང་ཉེ་བར་མྱི་འགྲོ། སྟོང་གི་ཆ་དང་། འབུམ་གི་ཆ་དང་། བྱེ་བའི་ཆ་དང་། བྱེ་བ
168a9 ཁྲག་ཁྲིག་འབུམ་གི་ཆ་དང་། གྲངས་དང་། མ་དང་། བགྲང་བ་དང་། དཔེལ་དང་། རྒྱུར་ཡང་མྱི་བཟོད་དོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སུ་སད་ཏེ། བདེ་བར་གཤེགས་པས་དེ་སྐད་ཅེས་གསུངས་ནས། སྟོད་པས་གཞན་ཡང




iiif viewer powered by OpenSeadragon

167b - 168b

Texts on this page

Ng5.9 - dge slong la rab tu gces pa'i mdo zhes bya ba
Ng5.10 - 'phags pa byams pas zhus pa zhes bya ba theg pa chen po'i mdo