e-texts navigator
Collection
Volume
Page
Wylie

145a1 དགོན་པ་སྟེན་པར་བྱེད།། ཡངས་པའི་གྲོང་ཁྱེར་མཆོག་ཏུ་གནས་ནས་སུ།། དེར་ནི་བཤད་ཚེ་གང་གིས་པ་མཐོང་ཞིང་། འདྲ་བ་འཕ་ལ་མཆོད་བྱེད་མཐོང་བ་ནི།། ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ།། པའི་བུ་ཀཱ
145a2 ཞིག་རྟག་ཏུ་རྗེས་འབྲང་ཞིང་།། བྱང་ཆུབ་ཞི་བ་སྤྱད་མཆོག་སྤྱོད་པ་ནི།། སེམས་ཅན་རྣམས་ནི་རྟག་ཏུ་འདུལ་བྱེད་པ།། ཕྱི་མའི་དུས་སུ་མདོ་མཆོག་འདི་འཛིན་ཏོ།། སངས་རྒྱས་འདྲེན་པ་གཞལ་མྱེད་དཔག་མྱེད་ཀྱི།། སྤྱད་པ་སྤྱོད་ཅེ
145a3 ཀང་གིས་རིམ་གྲོ་དང་།། དེ་བཞིན་མཆོད་པ་མཆོག་དག་བྱས་པ་ནི།། དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་འཛིན་ད་ཏོ།། གང་ཞིག་བསྐལ་པ་བྱེ་བར་ཚངས་སྤྱད་ཅིང་།། འཇིག་རྟེན་མཐའ་ཡས་དོན་ནི་སྔར་སྤྱད་པ།། གང་ཞིག་ཕྱི་མའི
145a4 དུས་སུ་མདོ་སྡེ་འདི།། ཐོས་པའི་བསོད་ནམས་གྲངས་སུ་འགྱུར་བ་ཡིན། སངས་རྒྱས་འཁྲུག་མྱེད་ཡང་ན་ཚེ་དཔག་མྱེད།། སངས་རྒྱས་གཞལ་མྱེད་དཔག་མྱེད་དེ་དག་འདིར།། སེམས་ཅན་སྙིང་པོ་གང་གིས་མཐོང་འདོད་པ
145a5 མདོ་སྡེ་མཛེས་པ་དཔག་མྱེད་གཟུང་བར་གྱིས།། ཚེ་དཔག་མྱེད་དང་། མྱི་འཁྲུགས་དྲི་མྱེད་འོད།། སེང་གེ་དང་ནི་ཏོག་དང་དེ་བཞིན་དུ།། པ་ཞིག་སངས་རྒྱས་དེ་ཀུན་མཐོང་འདོད་པ།། ཕྱི་མའི་དུས་སུ་རྒྱལ
145a6 མཆོག་ཆོས་ཟུང་ཤིག། སངས་རྒྱས་བྱམས་པ་དང་ནི་དྲི་མྱེད་འོད།། བདག་ཉིད་ཆེན་པོ་དང་ནི་སེང་གེ་ཏོག། རབ་སྣང་གཙོ་བོ་དེ་བཞིན་མཐོང་འདོད་པ།། དེ་ནི་ཕྱི་དུས་རྒྱལ་མཆོག་ཆོས་ཟུང་ཤིག། འདི་འདྲའི་མདོ
145a7 སྡེ་ཁྱད་པར་འཕགས་མཆོག་དག། རིན་ཅེན་དྲ་བ་ཅན་ལ་པའི་ས་བཤད། ཕྱི་མའི་དུས་སུ་དེ་ཚེ་ཁྱོད་ཀྱིས་མི།། བདག་མྱེད་གནས་ལ་འདུག་པར་མ་བྱེད་ཅིག། ཕྱི་མའི་དུས་ཀྱི་ཚེ་རུ་གྱུར་ད་པ་ན།། ཚུལ་ཁྲིམས་སྐྱོན་མྱེད་རྟག་ཏུ་བག
145a8 བྱོས་དང་། དེ་ནས་ཁྱོད་ནི་འཆི་བའི་དུས་བྱས་ནས། རྒྱལ་བ་འོད་ཟེར་མཐའ་ཡས་ཅན་གྱི་ཞིང་།། རིན་ཅེན་ལྡན་ཞེས་བྱ་བའི་འཇིག་རྟེན་ཁམས།། སྟེང་གི་འཇིག་རྟེན་ཁམས་འགྲོ་བར་འགྱུར།། དེ་ནས་ཁྱོད་ནི་འཆི
145a9 བའི་དུས་བྱས་ནས།། མྱུར་བ་ཉིད་དུ་སངས་རྒྱས་བྱམས་པ་མཐོང་།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩ་ལད་པ་དང་། ལི་ཙ་བི་ཀཞོ་ནུ་རིན་ཅེན་དྲ་བ་ཅན་དང་། བྱམས་པ་ལས་སྩོགས་པ་བྱང་ཆུབ་སེམས་དཔའ་བྱེ་ཕྲག




iiif viewer powered by OpenSeadragon

144b - 145b

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo