| e-texts navigator |
| Wylie |
143b1 འོད་ཟེར་དྲི།། སྤྱོད་ཟག་བྱེ་བ་གཏོང་བར་བྱེད།། དེ་བཞིན་རིད་ཅེས་ས་སུས་ལ།། འོད་ཟེར་དག་མི་བྱུང་བར་གྱུ་།། དེ་དག་གིས་ནི་ནས་སོ།། ཡངས་པ་ཅན་ཡང་སྡང་བར་བྱས།། རིན་ཅེན་རྣམ་པ་དེ་སྙེད་ཀྱིས།། ས
143b2 རྒྱས་གཅོལ་མཆོད་བྱེད་ཅིང་།། རིན་པོ་ཆེའི་ཕུང་པོ་ཡང་།། ཐུབ་པ་མེ་ལ་འབུལ་བར་བྱེད།། གདུགས་ནི་གང་དག་མུ་ཐུར་བྱས།། མུ་ཏིག་འཕྲེང་གིས་ཡོངས་བརྒྱན་པ།། རེ་རེ་ལ་ཡང་སུ་ཁྱུད་ཅན།། སྟོང་ཕྲག་ཉི་ཤུཿ
143b3 ལྔལོ།། འདི་འདྲའི་ལེགས་པ་དེའི་ས་ནི།། ཐུབ་པ་ཆེལ་མཆོད་པ་བྱས།། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ། གསེར་ཐགས་ཀྱི་ནོ་ཀོས་ཕུལ་ལོ།། བྱང་ཆུབ་ཤིང་དག་སྤྲུལ་ནས་སུ།། དེ་དྲུང་སེང་གེའི་ཁྲི་བཤམས་ལ།
143b4 སྟོང་ཕྲག་བྱེ་བ་ཉི་ཤུ་ལྔ། དེ་རྣམས་ལ་མི་འཁོད་གྱུར་ད་པ།། སོ་ན་བྱེ་བ་གྲངས་མྱེད་པར།། བགྲང་བ་དག་ཏུ་མྱི་ཆོད་པ་ཡི།། བྱང་ཆུབ་སེམ་སྲ་དཔའ་ཐམས་ཅད་ཀྱི།། བྱེ་བ་བརྒྱ་ཕྲག་ལྤགས་པར་གྱུར་ད།། ནམ
143b5 གི་ཕྱོགས་ནས་བཟུང་ནས་སུ།། སྒོ་ཕྱོགས་ནུབ་ཕྱོགས་བྱང་ཕྱོག། ས་དང་།། འོག་དང་སྟེང་དང་དེ་བཞིན་དུ།། ཕྱོགས་དག་གི་ཡང་མ་ཚམས་ནས་ལྤགས།། ཅི་ཙམ་མྱིག་གིས་མཐོང་བའི་བར།། དེ་སྲིད
143b6 འཇིག་རྟེན་ཁམས་རྣམས་སུ།། སྐྱོབ་པ་འཇིག་རྟེན་མགོན་པོ་ཡི། གསེར་གྱི་མདོག་འདྲའི་འོད་ཀྱིས་གང་།། སྟོན་པ་གང་ན་བཞུགས་པ་དང་ཆོས་ནི་གར་ན་འབར་བ་དེར།། འཇིག་རྟེན་ཁམས་ནི་ཐམས་ཅད་ནས
143b7 བྱང་ཆུབ་སེམས་དཔལ་ཉེ་བར་ལྤགས།། དེ་སྐར་མཐའ་ཡས་དཔག་ཏུ་མྱེད།། བསམ་གྱིས་ཀྱི་ཁྱབ་མཆོད་པ་ནི།། རིན་ཅེན་དྲ་བ་ལི་ཚ་བི།། གཞོན་ནུ་དེའི་ཚེན་བྱས།། དེ་ནས་བདག་ཉིད་ཆེན་པོ་པ།། སྭ་དང་ཀླུ་དང་མྱི་རྣམས
143b8 ཀྱི།། མདུན་དུ་མྱི་མཆོག་ཤག་ཀྱ་ལི།། སེང་གེས་དབུགས་མི་འབྱིན་པ་མཛད།། ང་ཡི་མདུན་དུ་འདུག་ནས་སུ།། ཁྱོད་ཀྱིས་འདི་འདྲའི་མཆོད་པ་བྱས།། གང་གའི་བྱེ་མ་ཇི་སྙེད་པ།། དེ་སྙེད་མཆོད་པ་དག་གིས་མཆོད།། རིན
143b9 ཅེན་དྲ་བ་ཅན་གི་ཕྱིར།། མདོ་འདི་བཤད་པ་སུས་རིག་པ།། བྱང་ཆུབ་ལས་ནི་མྱི་ལྡོག་སྟེ།། སངས་རྒྱས་སྨྲ་བའི་མཆོག་ཏུ་འགྱུར།། གང་ཞིག་མདོ་སྡེ་འཛིནད་པའི།། བསོད་ནམས་ཕུང་པོའི་ཚད་དག་ནི།། འདི་སྙེད་རྫོགས