| e-texts navigator |
| Wylie |
143a1 ཕྲག་དུ་མ་དག་གིས་ཀྱང་། རིན་པོ་ཆེའི་གདུགས་སྟོང་ཕུལ་ལོ།། ལྷ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་ཨ་དག་གིས་ཀྱང་། བཅོམ་ལྡན་འདས་ཀྱི་ཞབས་མགོ་བོས་ཕྱག་འཚལ་ནས།། དུས་དེ་སྔོན་གྱི་གནས་བྱེ་བ
143a2 ཁྲག་ཞིག་འབྱེ་བྲ་དུ་མ་དག་རྗེས་སུ་དྲན་ནོ།། འདི་ལྟ་སྟེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱིན་གྱི་ཁརླབས་ཀྱིས་ཀྱང་ཆོ་འཕྲུལ་བྱེ་བ་ཞག་ཁྲིག་འབུམ་ཕྲག་དུ་མ་དག་རབ་ཏུ་བསྟན་ཏེ། དེ་ལ་འདི་སྐད་ཅེས་བྱ་སྟེ། བྱེ་བ་བརྒྱ་ཕྲག་ཡུམ
143a3 ཡི། ལྒ་རྣམས་ཁོ་ར་ཁོར་ཡུག་ནས། ཙན་དན་དམར་པོ་ཞི་བེ་མོ་ཡིས། རྫོགས་སངས་རྒྱས་ལ་འཐོར་བར་བྱེད།། བརྒྱ་བྱིན་བྱེ་བ་ཕྲག་སྟོང་དག། མཁའ་ལ་གནས་ནས་འཛམ་བུའི།། ཆུ་བོའི་གསེར་ཕྱེ་མང་པོ་ཡིསི།
143a4 དེ་བཞིན་གཤེགས་ལ་འཐོར་བར་བྱེད།། ཚངས་པ་བྱེ་བ་ཉེ་ལྤགས་ན་ས།། ཙན་དན་དམར་པོའི་ཕྱེ་མ་ཡིས།། རྫོགས་སངས་རྒྱས་ལ་འཐོར་གྱི་ད་ཅིང་།། སྨ་དབྱངས་སྙན་པ་ཀུན་ཏུ་སྒྲོགས།། དྲི་མ་མྱེད་པའི་འོད་།
143a5 ནས།། ནམ་མཁའ་ལ་ནི་ལྷ་འཁོད་དེ།། ཀླུ་དབྱངས་དཔག་ཏུ་རྩེ། ད་པ་ལེན།། མཐའ་ལ་རས་ཀྱིས་གཡོབ་པར་བྱེད།། ནམ་མཁའ་ལ་ནི་ལྷ་འཁོད་དེ།། པད་མ་བརྒྱ་ཕྲག་སྟོང་བླངས་ནས།། འཇིག
143a6 རྟེན་གསལ་ལ་སྟོད་བྱེད་ཅིང་།། རྒྱལ་མཚན་ལ་སྩོགས་མཆོད་པ་བྱེད།། ཟླ་མྱེད་རྒྱལ་མཆོག་ཐུབ་དབང་ལ།། རབ་ཏུ་ཡིད་དཀའ་ས་ཕྱག་འཚལ་ཞིང་།། སྟོང་བྱེད་ནོར་བུ་རིན་ཆེན་དང་།། མུ་ཏིག་རྒྱན་འཕྲེང་འཐོར་བ
143a7 བྱེད།། མྱི་དོ་བྱེ་བ་འབུམ་ཐམ་པ།། རྒྱལ་མཆོག་ཟླ་བྱེད་པ་ལ་མཆོད།། སྔོན་གྱི་གནས་བརྒྱ་རྗེས་དྲན་ཞིང་།། ཐུབ་མཆོག་ཟླ་མྱེད་དགུས་ཕྱག་འཚལ།། དེ་ནས་འཇིག་རྟེན་སྣང་མཛད་པས།། ཆོས་ཀྱི་རྔ་ནི་རབ་བརྡུངས་ཏེ།། དེ་ཡི
143a8 སྨས་ནི་ཞིང་རབ་མང།། བྱེ་བ་དག་ཏུ་གོ་བར་བྱས།། དེའི་ཚེ་ན། སེམས་ཅན་ནི།། བྱེ་བ་གྲངས་མྱེད་ཀུན་ནས་ལྤགས།། དེ་དག་རྫོགས་པའི་སངས་རྒྱས་ཀྱིས།། སངས་རྒྱས་ཡེ་ཤེས་བླ་ན་མྱེད་བཀོད།། དེ་ཚེ་གཞོ་ནུ
143a9 དཀའ་གྱུར་ནས།། ཙན་དན་སྦྲུལ་གྱི་སྙིང་པོ་ཡི།། གདབ་འབུལ་རིན་ཅེན་ཕྱི་མ་ཡིས།། གཞོ་ནུ་སངས་རྒྱས་གཅོལ་མཆོད།། ནོར་བུ་རིན་ཆེན་འོད་གཅིག་ནི།། འཇིག་རྟེན་སྟོང་དུ་གཏོང་བར་བྱེད།། རིན་ཆེན་གཅིག་ལ