| e-texts navigator |
| Wylie |
142a1 དག་ཏུ།། ཚང་བར་ཤིནང་ཏུ་ཡང་བརྗོད་ན།། ཆོས་རྣམས་ཐམས་ཅད་འཛིན་བྱེད་པའི།། གཟུངས་ཀྱི་ཡེ་ཤེས་ཐོབ་པར་འགྱུར།། དེ་ནས་ལི་ཙ་བི་ཀཞོ་ནུ་རིན་ཅེན་དྲ་བ་ཅན་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ།
142a2 རིག་ནས། རིན་ཐང་མྱེད་པའི་རས་བཅོས་བུ་གསེར་གིས་བརྒྱན་པ་ཟུང་ཅིག། བཅོམ་ལྡན་འདས་ལ་མངོན་པར་གསལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ། རྫུ་འཕྲུལ་མངོན་པར་འདུ་མཛད་པ་ཇི་ལྟ་བུས། བཅོམ་ལྡན་འདས
142a3 ཀྱི་སྐུ་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་ནས་འོད་ཟེར་དག་བྱུང་སྟེ། ཤར་ཕྱོགས་ཀྱི་འཇིག་རྟེན་གི་ཁམས་དཔག་ཏུ་མྱེད་གྲངས་མྱེད་པ་ཇི་སྙེད་པ་དེ་དག་ཐམས་ཅད་སྡང་བར་གྱུར་པ་དང་། སངས་རྒྱས་ཀྱི་ཞིང་དེ་དག་ན་སེམས་ཅན
142a4 གང་དག་སྐྱེས་པ་དེ་དག་གིས་སངས་རྒྱས་ཀྱི་ཞིང་འདི་མཐོང་བ་དང་། སངས་རྒྱས་ཀྱི་ཞིང་འདི་ན། དེ་བཞིན་གཤེགས་པའི་འཁོར་གྱི་དཀྱིལ་འའོར་དུ་སེམས་ཅན་གང་དག་འདུས་པ་དེ་དག་གིས་ཀྱང་། སངས་རྒྱས་ཀྱི།
142a5 ཞིང་དེ་མཐོང་བ་དང་། དེའི་ཚེ་གང་གའི་ཀླུང་གི་བྱེ་སྙེད་དགུ་བཅུ་རྩ་ཀུ་སྙེད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་འཁོར་བཞི་པོ་ལ་སྣང་། བར་གྱུར་ད་པ་དེ་ལྟ་བུའི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མངོན་པར་འདུ
142a6 མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལི་ཙ་བི་ཀ་ཞོ་ནུ་རིན་ཅེན་པྲ་བ་ཅན་ལ་བཀའ་སྩལ་པ།། གཞོ་ནུ་ཁྱོད་ཀྱིས་སྟེང་ཀི་ཕྱོགས་ལོགས་ན་བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མྱི་ཁྱབ་པ།། འདི་ལྟར་ཀཞ
142a7 ཀྱིས་མྱི་ལང་བ། འདི་ལྟར་ཐུག་པ་མྱེད་པ། འདི་ལྟར་ཚད་མྱེད་པ། འདི་ལྟར་བརྗོད་ཀྱིས་མྱི་ལང་བ་དེ་དག་མཐོང་ངམ། གསོལ་པ་བཅོམ་ལྡན་འདས་མཐོང་ལེགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། བཀའ
142a8 སྩལ་དཔ། རིགས་ཀྱི་བུ་འདི་ལྟ་སྟེ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ། སྭ་དང་མྱི་རྣམས་ཀྱི་མྱིང་གྱི་ཚོགས་པས་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཚན་ཆེས་མ་སྟེ། རེ་རེ་ལ་ཡང་མཚན་གྱི་ཚོགས
142a9 གྲངས་མྱེད། བསམ་གྱིས་མྱི་ཁྱབ་པ་ཡོད་དེ།། འདི་ལྟར་དེ་བཞིན་གཤེགས་པ་ལེགས་པར་རབ་ཏུ་ཞི་བའི་དཔལ་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་རྣམས་དང་། དེ་བཞིན་དུ་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འགྲོ།