| e-texts navigator |
| Wylie |
141a1 གྱུར་པ་འམ།། ཕྲག་དོག་དག་གིས་ཉམས་པའི་མྱི་མ་གཏོགས།། འདྲེན་པ་སངས་རྒྱས་ཀྱི་ནི་མངོན་སུམ་དུ།། འདི་འདྲའི་མདོ་སྡེ་བཤད་པ་སུས་ཐོས་པ།། དེ་ནི་ཕྱི་དུས་དག་ཏུ་འདི་འཛིན་ཅིང་།། གཞན
141a2 དག་ལ་ཡང་རབ་ཏུ་སྟོན་པ་བྱེད། གཞོ་ནུ་སྟེང་གི་ཕྱོགས་ན། སངས་རྒྱས་ཀྱི་ཞིང་འདི་ནས་གཞོ་ནུ་དཔེའ་སྔ་མ་ལྟ་བུ་དེ་ལས་གང་ཀའི་ཀླུང་གི་བྱེ་མ་སྙེད་འདས་ནས་འཇིག་རྟེན་གྱི་ཁམས་ཤི་ནད་ཏུ་རྣམ་པར་ཕྱེ་བ་ཞེས་བྱ་བ
141a3 ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བརྩོན་འགྲུས་གྲངས་མྱེད་པས་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་ཞིག་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།།
141a4 གཞོ་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གཔལ་ལ་ཞིག་དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མྱེད་པས་ཡང་དག་པར་རབ་ཏུ་གནས་པ་ཞེས་བྱ་བ་དེའི་མཚན་ཐོས་ནས། སོམ་ཉི་མྱི་ཟ
141a5 ལ། ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས་པའི་འོག་ཏུ། ནམས་ཀྱང་བརྩོན་འགྲུས་དམན་པར་མྱི་འགྱུར།། ནམས་ཀྱང་འདོད་དཔ་ལ་སྟེ་ནད་པར་མྱི་འགྱུར།། ནམས་ཀྱང་མའི་སྡུག་བསྔལ་གིས
141a6 གོས་པར་མྱི་འགྱུར།། པའི་སྡུག་བསྔལ་དང་། གཉེན་གི་སྟུག་པ་སྔལ་དང་། སྤུན་ཀི་སྡུག་བསྔལ་གྱིས་གོས་པར་མྱི་འགྱུར།། སྲིང་། མེའི་སྡུག་བསྔལ་གྱིས་གོས་པར་མྱི་འགྱུར།། ནམས་ཀྱང་མཛའ
141a7 བ་དང་། བཤེས་གཉེན་དང་། བློན་པོ་དང་། སྣག་གི་གཉེན་མཚམས་ཀྱི་སྡུག་བསྔལ་གྱིས་གོས་པར་མྱི་འགྱུར།། ནམས་ཀྱང་སྐྱེས་བུ་ཆེན་པོ་ལ་མཚན་སུམ་བཅུ་རྩ་གཉིས་ཀྱིས་ལུས་མ་བརྒྱན་པར་མྱི་འགྱུར།། ནམས་ཀྱང་འདོད
141a8 ཆགས་ཞེ་སྡང་གཏི་མུག་མང་བར་མྱི་འགྱུར།། ནམས་ཀྱང་མང་བར་མྱི་འགྱུར། ནམས་ཀྱང་མྱ་ངན་མང་བར་མྱི་འགྱུར།། བདེ་བ་མཐའ་ཡས་པས་ཡོངས་སུ་བཟུང་བར་འགྱུར།། བྱང་ཆུབ་ལ་ཐུག་གི་བར་དུ་ཡོན་ཏན་མཐའ་ཡས
141a9 པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མྱེད་པས། ཡོངས་སུ་བཟུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཚིགས་སུ་བཅད་པས་བཀའ་སྩལ་དཔ། གང་ཞིག་འཇིག་རྟེན་མགོན་པོའི་མཚན།། ཐོས་ནས་སོ།།