e-texts navigator
Collection
Volume
Page
Wylie

140b1 སངས་རྒྱས་གྲངས་མྱེད་པ་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རྣམས་ཀྱིས་བྱིན་གྱིས་བརླབས་པར་འགྱུར།། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་དེ་བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དགུ་བཅུར་འཁོར་བ་ལས་ཕྱིར།།
140b2 ཕྱོགས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དོན་འདི་ཉིད་ཚིགས་སུ་བཅད་པས་བཀའ་སྩལ་པ། གང་ཞིག་འཇིག་རྟེན་རྣམ་འདྲེན་སངས་རྒྱས་ཀྱི།།
140b3 ཡོན་ཏན་རྒྱ་མཚོལ་མཚན་མཆོག་ཐོས་གྱུརྡ་པ།། དེ་ནི་སངས་རྒྱས་བྱེ་བ་ཁྲི་རྣམས་ལ།། མྱུར་དུ་མཆོད་པ་ཐ་མྱེད་རབ་ཏུ་བྱེད།། མཐའ་ཡས་དྲི་མྱེད་ཁྱབ་པར་མཆོད་བྱས་ཤིང་། སྲིད་པ་ཀུན་ཏུ་སངས་རྒྱས་ཆེ་རྣམས་ཀྱི།
140b4 ཉི་མ་མཛད་པའི་སྤྱད་པ་སྤྱོད་ནས་སུ།། ཕྱིས་ནི་བྱང་ཆུབ་དྲན་དང་ང་དེས་རེག་འགྱུར།། ཇི་ལྟར་གང་ཀའི་བྱེ་སྙེད་རྣམ་པར་འདྲེནད། མང་པོ་དག་ནི་ཚེ་གཅིག་གིས་མཆོད་དེ།། ཀུན་ནས་འོད་ཟེར་ཏིང་ངེ
140b5 འཛིན་ཐོབ་ནས།། ཕྱིས་ནི་བྱང་ཆུབ་མྱ་ངན་མྱེད་རེག་འགྱུར།། བྱང་ཆུབ་དྲི་མྱེད་བདག་ཉིད་ཆེ་ཐོབ་ནས།། ཆོས་ཀྱི་འཁོར་ལོ་དམ། པ་རབ་ཏུ་བསྐོར།། སེམས་ཅན་སངས་རྒྱས་བྱང་ཆུབ་མཆོག
140b6 བཞག་ནས།། ཆར་ཆུས་ལྕེ་བསད་ལྟར་ནི་མྱ་ངན་འདའ།། རྐ་གཉིས་འདྲེན་པ་མྱི་འདུལ་ཁ་ལོ་སྦྱར།། བསོད་ནམས་ཞིང་སྟེ་སོད་ནམས་ཕུང་པོ་གཅིག། དེ་ལ་མྱི་ཡིས་དད་པ་ཙམ་སྐྱེདན།
140b7 སྐད་ཅིག་གིས་ནི་མྱི་ཁོམ་ཐམས་ཅད་སྐྱོང་།། གང་ཞིག་བདེ་བར་གཤེགས་ཀྱི་མཚན་འདོན་པ།། མྱི་ལུས་རྙེད་པ་དལ་བ་གཅིག་ཐོབ་ནས།། མཐའ་ཡས་རྒྱ་མཚོ་དེ་བཞིན་གཤེགས་བཞུགས་ལ།། མྱིའི་མཁས་པ་བས
140b8 ནམས་རབ་ཏུ་བྱེད།། སངས་རྒྱས་མཚན་ནི་སྟོང་ཕྲག་བརྒྱ་ཙམ་དུ།། གོམས་བྱེད་དེ་ནི་རྗེས་འཐུན་བཟོད་པ་འཐོག།། ལྷའི་མྱིག་ཐོབ་ཇི་ལྟར་ང་ཡིས་ནི།། སངས་རྒྱས་མར་མེ་མཛད་མཐོང་མེ་ཏོག་གིས།། གཏོར་བ་བྱས
140b9 ནས་བཟོད་པ་ཐོབ་གྱུར་པས།། དེ་འདྲའི་བཟོད་པ་དག་ནི་འཐོབ་པར་འགྱུར།། འཇིག་རྟེན་འགོན་པོ་འོད་མཛད་ཐུབ་པ་ཡི།། མཚན་འདི་ཐོས་ནས་སུ་ཞིག་ཡུང་མྱི་གནོད།། གཞན་དུ་ཀ་ཞིག་མུ་སྟེགས་ཅན




iiif viewer powered by OpenSeadragon

140a - 141a

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo