e-texts navigator
Collection
Volume
Page
Wylie

140a1 དྲི་བྲལ་བྱང་ཆུབ་འདུན་པ་བསྐྱེད་ནས་སུ།། རྒྱལ་བའི་མཚན་འདི་གཞན་ལའང་སྒྲོགས་པར་བྱེད།། ཟླ་བའི་དཀྱིལ་འཁོར་རབ་ཏུ་གསལ་བ་ལྷུར།། དེའི་ཡོན་ཏན་དག་ཀྱང་དེ་འདྲར་འགྱུར།། སེམས་ཅན་མང་པོ་དུ་མ།
140a2 བསམ་གྱི་ཁྱབ། བྱང་ཆུབ་མཆོག་ལ་མཁས་པ་དེ་ཡིས་འཇོག། ཟླ་བ་མཁའ་ལ་གནས་པའི་གཞལ་མྱེད་ཁང་།། འོད་ཟེར་མང་པོ་བསྩགས་པས་མཛེས་པ་ལྟར། གང་ཞིག་དེ་བཞིན་གཤེགས་པའི་མཚན་འཛིན་པ།
140a3 དེའི་ལུས་ཀྱང་དེ་འདྲའི་རྣམ་པར་མཛེས།། མཁས་པ་གང་ཞིག་རྒྱལ་བའི་མཚན་ཐོས་ནས།། སོམ་ཉི་ཟ་ཞིང་མྱི་དགའ་སུ་ཞིག་ཡོད།། བྱང་ཆུབ་སྤྱད་མཆོག་དམ་པ་སྤྱོད་པ་ན།། ཆོས་འདི་དག་གིས་དེ་ལ་ཕན་འདོགས
140a4 འགྱུར།། ཐུབ་པ་ཆེན་པོ་འཇིག་རྟེན་མཆོག་གྱོད་པས།། མཁས་པྲ་དེས་ནི་ཕོངས་པ་མྱོད་མྱི་འགྱུར།། གཞོ་ནུ་འོག་གི་ཕྱོགས་ན། གཞོནུ་དྲཔེའི་སྔ་མ་ལྟ་བུའི་རྣམ་པ་དེ་བཞིན་དུ། དགུ་བཅུ་རྩ་དགུ་ར་བསྤྲུར་པར
140a5 འདས་ནས།། འཇིག་རྟེན་གྱི་འབས་རྒྱལ་མཚན་མཆོག་གི་བ། དག་པོ་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོ། མ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རབ་ཏུ་ཞི་བ་མཁས
140a6 པའི་གཟི་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་བཞུག་ས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།། གཞོ་ཆུ་ཐེག་པ་ཆེ་ན་པོ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ
140a7 མོ་གཔལ་ལ་ཞིག། དེ་བཞིན་གཤེགས་པ་རབ་ཏུ་ཞི་བ་མཁས་པའི་གཟིལ་བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དེའི་མཚན་ཐོས་ནས། སོམ་ཉི་མྱི་ཐ་ལ། ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས་པའི་འོག་ཏུ།
140a8 ཀུན་ནས་འོད་ཟེར་ཅེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར།། འཆི་བའི་དུས་ཀྱི་ཚེ་ཡང་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་དུ་ཚང་བ་དག་མཐོང་བར་འགྱུར།། ཤར་ཕྱོགས་ཇི་ལྟ་བ་བཞིན་དུ། ཕྱོགས་ཐམས་ཅད་དུ་ཡང་དེ
140a9 བཞིན་དུ་སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་དུ་ཚང་བ་དག་མཐོང་བར་འགྱུར།། སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་ཆོས་གང་བསྟན་པ་དེ་དག་ཐམས་ཅད་ཀུན་ཏུ་འཛིན་པར་འགྱུར།། བྱང་ཆུབ་ལ་ཐུག་གི




iiif viewer powered by OpenSeadragon

139b - 140b

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo