e-texts navigator
Collection
Volume
Page
Wylie

139b1 བུད་མྱེད་གང་ལ་ལ་ཞིག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་ནམ་དག་དེའི་མཚན་ཐོས་ནས་སོམ་ཉི་མྱི་ཟ་ཞིང་། ཐེ་ཙོམ་མྱི་སྐྱེད་ལ། ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས་པའི་འོག་ཏུ
139b2 བུད་མྱེད་ཀྱི་དབང་པོ་རྣམ་པར་སྤངས་པར་འགྱུར་ཞིང་། སྐྱེས་པའི་དབང་པོ་འཐོབ་པར་འགྱུར།། སེམས་ཅན་མང་པོ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཡང་འཇོག་པར་འགྱུར།། དབྱངས་སྙན་ལྡན་ཞེས
139b3 བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་པར་འགྱུར།། བུ་མྱེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་ཕྱིར་མྱི་ལྡོག་པར་ཡང་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ
139b4 ཡང་ཏོ།། གང་ཞིག་རྐང་གཉིས་དམ་པ་དེའི་མཚན། ཐོས་ནས་རྣམས་ཀྱང་སོམ་ཉི་མྱི་ཟླ་བ།། བསྐལ་པ་བྱེ་བ་གང་འགའི་བྱེ་མ་སྙེད།། དེས་སྔས་མྱ་ངན་མྱེད་པའི་སྐྱེས་པར་འགྱུར།། གང་གའི་བྱེ་སྙེད་སངས
139b5 རྒྱས་དུ་མ་དག། མཐོང་ནས་དེ་དག་ལ་ནི་མཆོད་པ་བྱེད།། དེ་སྟེ། ད་སངས་རྒྱས་དེའི་ཚེ་གཅིག་གིས།། སངས་རྒྱས་མཆོད་པ་རྒྱལ་བ་མྱ་ངན་འདལ།། བྱང་ཆུབ་དམ་པ་སྤྱད་མཆོག་སྤྱོད་པ་ན།།
139b6 ཀྲུང་གིས་སྐྱེས་བུ་ཁྱུ་མཆོག་མཚན་ཐོས་ན།། ནམས་ཀྱང་སོམ་ཉི་མྱེད་ཅིང་འཛིན་བྱེད་ན།། དེ་འདྲའི་ཁྱད་པར་དེ་ཡིས་འཐོབ་པར་འགྱུ་8།། གང་གིས་མཚན་མཆོག་གཙོ་བོ་འདི།། ཐོས་ནས་སོམ
139b7 མྱི་ཟ་བ།། རང་འབྱུང་ཡེ་ཤེས་སངས་རྒྱས་ཉིད་མྱུར་ཞིང་།། མཁས་པས་དབྱངས་སྙན་ཏིང་ངེ་འཛིན་འཐོབ་པར་འགྱུར།། བྱང་ཆུབ་དམ་པ་སྤྱད་མཆོག་སྤྱོད་པ་ན།། དག་པའི་བདག་ཉིད་སྐྱེས་པའི་དབང་པོ་འཐོབ།། ཡོན
139b8 ཏན་ཀུན་དང་ལྡན་ཞིང་མཛེས་པ་སྟེ།། དེ་འདྲའི་ཁྱད་པར་དེའི་ས་འཐོབ་པར་འགྱུར།། ཕྱོགས་རྣམས་ཀུན་ནི་རབ་ཏུ་སྣང་བྱེད་ཅིང་།། ས་ཡ་མཐའ་ཡས་ཞིང་དུ་སོང་ནས་སུ།། འཇིག་རྟེན་སྤྱོད་པ་ཐུབ་པ་ཆེ་མཐོང་ནས།། མྱ་ངན
139b9 བྲལ་ཏེ་བྱང་ཆུབ་ཕྱིས་རེག་འགྱུར།། ཐུབ་དབང་ཆེན་པོ་དེ་བཞིན་གཤེགས་པ་ནི།། དེའི་མཚན་འདི་ཐོས་ནས་རྫུ་འཕྲུལ་མཆོག། དེ་འདྲའི་ཁྱད་པར་དག་ནི་ཐོབ་པར་འགྱུར།། བྱང་ཆུབ་འདོད་པ་གཞན་ཡང་འཐོབ་པ་ནི།




iiif viewer powered by OpenSeadragon

139a - 140a

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo