e-texts navigator
Collection
Volume
Page
Wylie

139a1 དེའི་ཡུལ་ཨ་སེམས་ཅན་གང་གནས་པ། དེ་ཡིས་ཐམས་ཅད་བྱང་ཆུབ་སྙིང་པོར་འཇོག། རྒྱལ་སྲིད་རྒྱས་ཤིང་ཤི་ནད་ཏུ་ལོ་ལེགས་དང་། དེའི་རྒྱལ་སྲིད་བདེ་ཞིང་སངས་རྒྱས་འབྱུང་།། དེ་དག་ལ་ནི་མཆོད་པ་དམ་པ
139a2 བྱེད།། རྒྱལ་པོ་བདག་ཡུལ་ནམས་ཀྱང་སྔར་སེམས་མྱེད།། སངས་རྒྱས་མཚན་མཆོག་ཐོས་ནས་མཁས་པ་གང་།། སོམ་ཉི་ཟ་ཞིང་མྱི་དགའ་སུ་ཞིག་ཡོད།། མདོ་སྡེ་དམ་པ་དེ་རིང་ངས་བཤད་པའི།། ཆོས་མཆོག
139a3 འདི་ཡིས་དེ་ལ་ཕན་འདོགས་འགྱུར།། གཞན་དུ་གང་གིས་སྔོན་གི་རྒྱལ་རྣམས་ཀྱི།། ། ཆོས་སྤངས་གྱུར་ད་པས་བདུད་ཀྱིས་ཟིན་པ་འམ། སེམས་ཅན་སྙིང་པོ་རྒྱལ་བ་མཆོག་དག་ནི།། སྔོན་སྤྱད་སྤྱོད་ཚེ་ཁྱོད་ཏུ་བསད་མ
139a4 གཏོགས།། གཞོ་ནུ་གར་ཞིག་རྒྱལ་ཕོལ་ཕོ་བྲང་དང་།། ལི་ཙའི་བཀོ། ད་པ་དཀལ་བ་འདི་དག་དང་།། ཤཀ་ཀྱ་སེང་གེ་ར་ནི་མ་མཐོང་བ།། དེ་དག་སངས་རྒྱས་མཚན་ཐོས་སོམ་ཉི་ཟེ།། གཞོ་ནུ་བྱང་ཕྱོགས་ལོགས་ཨ།
139a5 སངས་རྒྱས་ཀྱི་ཞིང་འདི་ནས་གཞོ་ནུ་དཔེའ་སྔ་མ་ལྟ་བུ་དེ་ལས་སུམ་འགྱུར་གྱིས།། སངས་རྒྱས་ཀྱི་ཞིང་དྲུག་བཅུ་འདས་པ་ན། འཇིག་རྟེ། ན་གྱི་ཁམས་རིན་ཅེན་དྲ་བས་གཡོགས་ཤེས་བྱ་བ་ཡོད་དེ། དེ་ན་དེ
139a6 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟླ་བའི་དཀྱིལ་འཁོར་རྣམ་དག་ཅེས་བྱ་བ་བཞུགས་ཏེ། འཚོ་ཞིང་གཞེས་ལ་ཆོས་ཀྱང་སྟོན་ཏོ།། གཞོ་ནུ་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས
139a7 པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ག་ལ་ལ་ཞིག་དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་དག་དེའི་མཚན་ཐོས་ནས་སོམ་ཉི་མྱི་ཟ་ཞིང་། ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདས་པའི་འོག་ཏུ་རིན་ཅེན་འབྱུང
139a8 གནས་ཞེས་བྱ་བའི་ཏིང་ངེ་འཛིན་འཐོབ་པར་འགྱུར།། གང་འགའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་མཐོང་བར་འགྱུར།། དེ་སྙེད་ཀྱི་བསྐལ་པ་བྱེ་བར་འཁོར་བ་ལས་ཕྱིར་ཕྱོགས་པར་འགྱུར།། ལས་དང་པོ་པའི་བྱང་ཆུབ་སེས།
139a9 དཔའ་དེ་མན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་དབྱངས་སྟན་ལྡན་ཞེས་བྱ་བའི་ཏིང་ངེ་འཛིན་ཀྱང་འཐོབ་པར་འགྱུར།། ཐན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སས་ཀྱི་གྱི་ལྡོག་པར་ཡང་འཅུ




iiif viewer powered by OpenSeadragon

138b - 139b

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo