e-texts navigator
Collection
Volume
Page
Wylie

138a1 རྟེན་མགོན།། སྐྱོབ་པའི་ནི་མཚན་ཐོས་པ། བསྐལ་པ་ལྔ་བརྒྱ་ཐམ་པའི།། འཁོར་བ་དག་ནི་ཟློག་པར་འགྱུར།། འཆི་བདག་གི་དུས་ཚེ་ཡང་།། སངས་རྒྱས་བྱེ་བ་སྟོན་པར་མཛད།། མཐོང་ནས་དཔའ་བོས་ཕྱག་འཚལ་ཏེ།།
138a2 ཆོས་ཀྱང་ཉན་ཅིང་འཛིནད་པར་འགྱུར།། དེ་བཞིན་གཤེགས་པའི་མཚན་ཐོས་པ།། སྤྱད་པ་དམ་པ་སྤྱོད་པ་ན།། དེའི་ས་བསྟན་པའི་ཆོས་གང་དག། བསྐལ་པ་བྱེ་བར་ཆུད་མྱི་གསོན།། སངས་རྒྱས་ཀྱི་ནི་མཚན་བསྒྲགས་པས།།
138a3 རིན་ཆེན་ཞེས་བྱ་བའི་ཏིང་ངེ་འཛིན།། སྟོང་ཕྲག་བདུན་ཅུ་དེ་ཚེ་འཐོབ།། ཡོན་ཏན་བྱེ་བ་སྤོགས་པར་འགྱུར།། གང་ཞིག་ཐུབ་པའི་མཚར་འཛིན་པ།། ཏིང་ངེ་འཛིན་གྲངས་མྱེད་དབྱེ་བ་དང་།། དེ་བཞིན་ས་ཡ་དྲུག་བཅུ་དག། དེས་ཉེ་བར་གན
138a4 པོར་འགྱུར།། དེ་བས་མཉམ་བཞག་དཔའ་བོ་ཡོས།། བྱང་ཆུབ་སྤྱད་པ་སྤྱོད་པའི་ཚེ།། སེམས་ཅན་མང་པོ་སྟོང་རྣམས་དག། བྱང་ཆུབ་མཆོག་ལ་འཇོག་པར་བྱེད།། བྱང་ཆུབ་མ་རྫོགས་བར་དུ་ནི།། ནམ་ཡང་འདོད་ལ་མྱི་སྟེན་ཏེ།།
138a5 སེམས་ཅན་གཞན་ཡང་སངས་རྒྱས་ཀྱི།། མཚན་བསྟན་ནས་ནི་ཟློག་པ་ར་བྱེད།། གང་ཞིག་སངས་རྒྱས་མཚན་ཐོས་ནས།། སྲོག་ཆགས་ཀུན་དེ་ལ་འདི་སྟོན་པ།། ནམས་ཀྱང་མྱི་ཁོམ་མྱི་འགྱུར་ཞིང་།། དེའི་དལ་བ
138a6 རྙེད་མྱི་དཀའ།། ཤིན་ཏུ་བཟང་བ་སངས་རྒྱས་དག། འབྱུང་བ་མཉེས་པར་བྱས་པས་ནི།། ངའི་མྱི་ཁོམ་གང་བསྟན་པ།། དེ་དག་ཐམས་ཅད་སྤོང་བར་འགྱུར།། ཇི་ལྟར་འདྲེན་པ་མཁྱེན་པ་བཞིན།། གཞོ་ཆུ་གལ།།
138a7 ཁྱོད་ཤེས་ན།། སྟོན་པའི་མཚན་ནི་བཟུང་ནས་སུ།། ཕྱོགས་ཀུན་ཏུ་ནི་རབ་ཏུ་སྒྲོགས།། དེ་བས་གཞོ་ནུ་གཞན་དག་ལ།། མཚན་འདི་རབ་ཏུ་བསྟན་བྱས་ན།། ཡང་དག་བྱང་ཆུབ་འདི་བཟུང་ཞིང་།། འཇིག་རྟེན་གྱི་ནི་མགོན་ཏུ་འགྱུར།།
138a8 གང་ཞིག་སངས་རྒྱས་མཚན་ཐོས་ནས།། གཡེལ་བ་མྱེད་པར་འདི་བཟུང་སྟེ།། སོང་ནས་གཞན་དག་ལ་སྟོན་ན།། དེ་ནི་བྱང་ཆུབ་མངོན་ཏུ་སྲུང་།། གང་ཞིག་མདོ་སྡེ་འདི་ཐོས་ནས།། གཞན་དག་ལ་ནི་རབ་སྟོན་ན།། ལེགས་པ
138a9 གསུངས་པའི་ཆོས་ཀྱི་ཚུལ།། བསྟན་པ་འདི་དག་སྲུང་བར་བྱེད།། གཞོ་ཚུ་ནུབ་ཕྱོགས་ལོགས་ན།། གཞི་ནུ་དཔེ་སྔ་མ་ལྟ་བུ་དེ་ལས་སུམ་འགྱུར་གྱིས།། རྡུལ་ཕྲ་མོའི་རྡུལ་བགྲངས་པའི་ཚུལ་གྱིས།། དེ་སྙེད་ཀྱི་འཇིག་རྟེན་ནི




iiif viewer powered by OpenSeadragon

137b - 138b

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo