| e-texts navigator |
| Wylie |
137b1 རྣམས་ངག་ནི་གསོབ་དང་འདྲ།། ཐམས་ཅད་སྟོང་ཞིབ་བདག་མྱེད་དོ།། ཅོད་ལ་མྱེད་ཅིང་རྨོངས་བྱེད་པ།། དེ་སྐད་དེ་བཞིན་གཤེགས་པ་གསུང་།། གཞོ་ནུ་སྔོ་ཕྱོགས་ལོགས་མ། གཞོ་མུ་དཔེལ་སྔ་མ་ལྟ་བུ་ལས།། ཉིས་གྱུར་ཀྱི་རྡུལ་ཕྲ་མོའི།
137b2 རྡུལ་བགྲངས་པའི་ཚུལ་གྱིས། སངས་རྒྱས་ཀྱི་ཞིང་བཅུ་གཉིས་འདས་པ་མ། དེ་ན་ཟླ་བ་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡོད་དེ།། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས
137b3 མེ་ཏོག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།། གཞོ་ནུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ
137b4 གང་ལ་ལ་ཞིག། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་མེ་ཏོ། ག་གི་འོད་ཀྱིས་རྣམ་པར་རོལ་པ་མངོན་པར་མཁྱེན་པ་དེའི་མཚན་ཐོས་ནུས་སོམ་ཉི་མྱི་ཟ་ལ། ངས་མཐོང་བ་ལ་ཡང་ཡིད་ཆེས་ན། དེ་ཚེ་འདྲ
137b5 པའི་འོག་ཏུ།། འོད་གཟེར་རབ་ཏུ་གཏོང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར།། ཏིང་ངེ་འཛིན་གྱི་སྒོ་བྱེ་བ་ཁྲག་ཁྲིག་འབུམ་ཕྲམ། གྲངས་མྱེད་པ་ཞིར་འཇུག་པ་འཐོབ་པར་འགྱུར། གཟུངས་ཀྱི་སྒོ
137b6 བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མྱེད་པ་དྲུག་ཅུ་པོ་རྒྱ་མཚོ་ལྟ་བུ་ཞེས་བྱ་བའི་གཟུངས་ལས་སྩོགས་པ་ནས། རིན་པོ་ཆེའི་མཛོད་ཀྱི་གཟུངས་ལ་ཐུག་པའི་བར་ལ་འཇུག་པ་འཐོབ་ཅིང་། བྱང་ཆུབ་ཀྱི་མཐར་ཐུག་གི
137b7 བར་དུ་དེ་དག་ལ་རྨོངས་པར་ཡང་མྱི་འགྱུར་རོ།། འཆི་བའི་དུས་ཀྱི་ཚེ། ཤར་ཕྱོགས་ནས་སངས་རྒྱས་བྱེ་བ་གཤེགས་ནས་ཞལ་སྟོན་པར་མཛད་དེ།། ཕྱོགས་ཐམས་ཅད་ནས་ཀྱང་དེ་དང་འདྲའོ།། གང་སངས་རྒྱས་བཅོམ་ལྡན
137b8 འདས་དེ་དག་གིས་ཆོས་གསུང་བར་ལུ་བ་དེ་དག་ཐམས་ཅད་ཀྱང་འཛིནད་པར་འགྱུར།། བྱང་ཆུབ་ཐོབ་ཀྱི་བར་དུ་དེའི་ཆོས་ཀྱི་ཚུལ་དེ་འཇིག་པར་མྱི་འགྱུར།། ལས་དང་པོ་པའི་བྱང་ཆུབ་སེམས་དཔའ་ནས་བཟུང་ནས། བསྐལ་པ་ལྔ
137b9 བརྒྱ་འཁོར་བ་ལས་ཕྱིར་ཕྱོགས་པར་བྱས་ནས། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་རེག་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ།། མྱི་ལི་དབང་པོ་ལས