e-texts navigator
Collection
Volume
Page
Wylie

137a1 གཤེགས་ལ་ཚིག་གསོལ་པ།། ཕྱི་མའི་དུས་སུ་བདག་གིས་ནི།། དགེ་སློང་བགྱིས་ལ་མྱི་འཇིགས་པར།། གྲོང་དང་གྲོང་ཁྱེར་རྣམས་དག་ཏུ།། མདོ་སྡེ་འདི་ནི་བཤད་པར་བགྱི།། སངས་རྒྱས་བཀའ་བཞིན
137a2 བདག་བགྱིད་དེ།། རྫོགས་སངས་རྒྱས་པ་དཔལ་གྱིས་གསུང་།། དཔག་ཚད་བྱེ་བ་མཆིས་ནས་སུ།། འདིའི་ཚུལ་ནི་བཤད་པར་བགྱི།། ལྷ་ཀུན་དང་ནི་ཀླུ་རྣམས་དང་།། ཡང་ན་མྱི་འམ་ཅི་ནས་དང་། མྱི་མ་ཡིན་རྣམས་འགྲོན
137a3 གཉེར་ཏེ།། ཆོས་ཀྱི་སྦྱིན་པས་ཚིམ་པར་བགྱི།། བླ་ན་མྱེད་པའི་མདོ་སྡེ་འདི།། སངས་རྒྱས་ཀྱིས་ནི་གསུངས་པ་ན།། ལྷ་མ་ཡིན་ཚོགས་དཀའ་གྱུར་དེ་ནས།། མེ་ཏོག་དཔག་ཏུ་མྱེད་པ་འཐོར།། སངས་རྒྱས་ཀྱི་ནི་ཞིང་འདི
137a4 དག། མྱི་མཆོག་ཤག་ཀྱི་སེང་གེ་ཡི།། ཆོས་ཀྱི་རྒྱལ་པོ་སྤུ་གཅིག་གིས།། ཞིང་རྣམས་ཐམས་ཅད་སྣང་བར་མཛད།། སེམས་ཅན་སྙིང་པོ་བདག་ཉིད་ཅན།། སྟོན་པའི་ས་ནི་ལྗགས་ཕྱུང་ནས།། ཀང་གའི་བྱེ་མ་སྙེད་དག
137a5 ཀིས།། ཞིང་རྣམས་བྱེ་བ་ཁེབས་པར་མཛད།། དེ་བཞིན་ཕྱོགས་བཅུའི་འཇིག་རྟེན་ཀི།། ཞིང་རྣམས་བྱེ་བ་ཁེབས་མཛད་དེ།། གཞོ། ནུ་རིན་ཅེན་དྲ་བ་ཅན། དཔལ་པོ་དང་ནི་ལི་ཙ་བི།། བྱེ་བ་དྲུག་ཅུམ
137a6 དག་ནི།། ལྷན་ཅིག་ལྷགས་ལ་བཀའ་སྩོལ་ད་ཅིང་།། དེ་ནས་དེར་ནི་སྟོན་པའི་ས།། དེ་དག་ཆོས་ལ་འཛུད་པར་མཛད།། བདེ་བ་ཐམས་ཅད་སྦྱིན་མཛད་པ།། སངས་རྒྱས་སྤྱན་ནི་ཐོགས་པ་མྱེད།། དེ་བཞི
137a7 གཤེགས་རྣམས་དཔག་མྱེད་དེ།། སངས་རྒྱས་ཆོས་ལ་ཐེ་ཙོམ་སྤོངས།། སངས་རྒྱས་ཡེ་ཤེས་ཐོགས་མྱེད་དེ།། དུས་གསུམ་རྣམས་ལ་འང་འཇུག་པ་མཛད།། ཆོས་རྣམས་ཀུན་ལ་མངའ་བརྙེས་པས།། སངས་རྒྱས་ལ་ནི་མྱི
137a8 མཁྱེན་བྱེད།། ཕུང་པོ་རྣམས་ནི་མྱེད་པའོ་ཞེས།། མྱིའི་འདྲེན་པ་སྟོན་པར་མཛད།། ཁམས་བཞི་དག་ནི་གསོག་དཔའདྲ།། གང་ཏུའང་སྒ་ལ་ཆགས་མ་བྱེད།། གཟུགས་དང་ཆོ་དཔའདུ་ཤེས་དབ།། སེམས་པ་དང་ནི
137a9 བྱེད་དང་།། རྣམ་ཤེས་ཕུང་པོའི་སྙིང་པོ་ནི།། མྱེད་པ་དག་ཏུ་ཤེས་པར་གིས།། སངས་རྒྱས་ཀྱིས་ནི་གསུངས་པ་བཞིན།། དེ་ལྟར་ཕུང་པོ་རྣམ་ཕྱེན།། མྱུར་བ་ཏུ་གཟུངས་རྣམས་ཐོབ་འགྱུར་ཞིང་།། ནིན་ཏུ་རྨོངས་པ་མྱེད་པར་འགྱུར།། ཆོས




iiif viewer powered by OpenSeadragon

136b - 137b

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo