e-texts navigator
Collection
Volume
Page
Wylie

136b1 གཅིག་གིས། སངས་རྒྱས་གྲངས་མྱེད་བཀུར་བསྟི་བྱས།། མདོ་འདི་ལ་ནི་གང་དད་པ།། དེ་བས་བསོད་ནམས་འདིམ་པ་འགྱུར།། རྟག་ཏུ་གཟུགས་བཟང་བསོད་ནམས་ལྡན།། ཤིན་ཏུ་འཇིགས་མྱེད་ལོངས་སྤྱོད་ལྡན།
136b2 དྲན་དང་ལྡན་ཞིང་མཚན་རྣམས་ཀྱིས།། མངོན་པར་བརྒྱན་པ་དག་ཏུ་འགྱུར།། དེ་ལྟ་བས་ན་མདོ་སྡེ་འདི།། ཐོས་ནས་ཕྱི་མའི་ནུས་ཀྱི་ཚེ། བཟུང་ཞིང་ཡང་དག་བསྟན་པ་དང་། གཞན་དག་ལ་ཡང་བཤད་པར་གིས།། གང
136b3 གིས་སངས་རྒྱས་འཁོར་ལོས་སྒྱུར།། འབུམ་ཕྲག་དག་ལ་བཀུར་བྱས་པས།། ཕྱི་མའི་ནི་དུས་དག་ཏུ།། རས་མཐོང་བ་ལ་སོམ་ཉི་མྱེད།། གང་གིས་སྔོན་ནི་འཇིག་རྟེན་འགོན།། གྲངས་མྱེད་པ་ལ་བསྙེན་བཀུར་བས།། དེའི་ས
136b4 འཇིག་རྟེན་མགོན་འདིའི།། ཐོས་ནས་མཐོབ་ས་ཡིད་ཆེས་སོ།། གང་ཞིག་མཚན་ནི་ཐོས་ནས་སུ།། སངས་རྒྱས་ཀྱི་ནི་གཟུགས་བྱེད་པ།། དེ་ནི་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་དང་ནི་དམ་ཆོས་སྲུང་།། གང
136b5 ཞིག་བྱང་ཆུབ་གཏན་སྤངས་ན།། བསྐལ་པ་བྱེ་བ་དག་ཏུ་ནི།། ལུ་ག་ལྟར་ལྐུག་ཅིང་མྱིག་ཉམས་ལ།། མྱིག་མྱེད་པ་དག་ཏུ་ཡང་འགྱུར། ར།། གང་ཞིག་ལག་པ་གཅིག་གིས་ནི།། མཆོད་རྟེན་གྲངས་མྱེད
136b6 བཞིག་བྱས་པས།། གང་གིས་མདོ་སྡེ་འདི་སྤངས་ན།། ཁྱད་ཆེས་ལྔ་ཀ་པར་འདི་འགྱུར་རོ།། དེ་ལྟ་བས་ན་བསླ་བ།། ཕྱི་མའི་དུས་ཚེ་འདི་རྙེད་ནས།། སངས་རྒྱས་ཡེ་ཤེས་བུ་མྱེད་ལ།། སོམ་ཉི་ཟ་བར་མ་བྱེད་ཅིག
136b7 མདོ་སྡེ་འདི་འདྲ་འདི་ཐོས་ནས།། མེ་ཏོག་སྤོས་དང་འཕན་རྣམས་དང་།། གདུགས་དང་ཕྱེ་མ་གོས་རྣམས་ཀྱིས།། གུས་པར་བྱས་ཏེ་མཆོད་པ་བགྱིས།། འདིར་ནི་དེ་བཞིན་གཤེགས་པའི།། ཕྱག་ནི་ཤིནད་ཏུ་འཇམ་པའི་ས།།
136b8 ཡི་ཚ་བིའི་མགོ་བོ་ལ།། ཡང་དང་ཡང་དུ་བྱུག་པ་མཛད།། དེའི་རྗེས་ལ་ལྷ་རྣམས་ཀྱིས།། སྤ་སྐད་ཆེན་པོ་བྱུང་གྱུར་དཅིང་།། ལྷའི་མེ་ཏོག་ཀུ་སུ་མ།། ཡིད་འོང་གཏོང་ཙོང་ཞིང་འདི་བཀཔ།། ལྷ་རྣམས་མཁའ་ལ་འདུག་ནས་སུ།།
136b9 ཀླུ་དབྱངས་དཔག་ཏུ་མྱེད་པ་ཡིན།། ཚངས་པ་དག་ནི་བྱེ་བ་ཡིས།། ཙན་དན་དམར་པོའི་ཆམ་ལབ་བོ།། དེ་བཞིན་གཤེགས་པས་མདོ་སྡེ་འདི།། གསུངས་མེ་དྲ་བ་ཅན་ཐོས་ཏེ།། སེམས་ནི་རངས་ཤིང་ཡང་དཀལ་ནས།། དེ་བཞིན




iiif viewer powered by OpenSeadragon

136a - 137a

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo