| e-texts navigator |
| Wylie |
136a1 ནི་གང་བརྗོད་པ།། དེ་སྙེད་འཇིག་རྟེན་ཁམས་རྣམས་སུ།། འོད་ཟེར་གཅིག་གིས་ཁྱབ་པར་བྱེད།། སངས་རྒྱས་ཞིང་རྣམས་ཐམས་ཅད་དག། བགྲང་བའི་ཚུལ་གྱིས་མྱི་ཆོད་པ།། གསེར་རྣམས་ཀྱིས་ནི་བཀང་ནས་སུ།། འཇིག
136a2 རྟེན་འགོན་ལ་ཕུལ་བ་བས།། འདིའི་མཚན་ནི་ཐོས་ནས་ནི།། དགའ་བ་བཟང་པོ་སྐྱེས་གྱུར་ད་ཏེ།། སངས་རྒྱས་ཕྱག་འཚལ་ཞེས་བརྗོད་པ།། དེའི་བསོད་ནམས་བསམ་མྱི་ཁྱབ།། འཇིག་རྟེན་འགོན་ནི་ཐམས་ཅད་ལ།། ཡང་དང་ཡང
136a3 དུ་ཕྱག་འཚལ་བ།། དེའི་བསོད་ནམས་ཕུང་པོ་ན།། ཚད་ནི་བཤད་པར་མྱི་ནུས་སོ།། གང་ཞིག་འཇིག་རྟེན་མགོན་པོའི་མཚན།། ཐོས་ནས་སོམ་ཉི་མྱི་ཟ་བ།། དེའི་ལུས་ནི་འོད་ཟེར་གིས།། ཁྱབ་ཅིང་རིན་པོ་ཆེ་ལྟར་འགྱུར།། གང
136a4 ཞིག་ཐུབ་པའི་མཚན་འཛིན་པ།། དེ་ནི་རྣམ་པར་འདས་འགྱུར་ནས།། ལྷའི་ཙན་དན་དམར་པོའི།། དྲི་ཞིམ་ཁ་ནས་རབ་ཏུ་འབྱུང་།། སྐྱོབ་པ་སྟེ། མས་ཅན་སྙིང་པོ་ཡི།། སངས་རྒྱས་ཀྱི་ནི་མཚན་ཐོས་པ།། བ་སྤུའི
136a5 ཁུང་ནས་འོད་ཟེར་དག། བཀྱེ་བས་ལུས་ཁྱབ་མཛེས་པར་བྱེད།། ཚེ་རབས་དག་ན་ཐམས་ཅད་ལ།། ཐོས་པ་མང་པོར་འགྱུར་བ་སྟེ།། ཀུན་དགའ་སངས་རྒྱས་ཅི་འདྲ་བ་ཡི།། དཔག་ཏུ་མྱེད་པའི་ཐོས་པ་འང།
136a6 འཛིན་།། འཇིག་རྟེན་སྣང་བྱེད་དེས་མཐོང་ནས།། གཞལ་གྱིས་མྱི་ལང་དཀའ་བ་ཐོབ།། བྱང་ཆུབ་སྤྱད་པ་སྤྱོད་པ་ན།། ཚེ་རབས་དག་ནི་དྲན་པར་གྱུར།། རྒྱལ་བའི་ཐུགས་སྲས་མཐོང་ནས་ཀྱང་།། གཞལ་གིས་མྱི
136a7 ལང་དགའ་བ་ཐོབ།། སྤོས་དང་མེ་ཏོག་བྱུག་རྣམས་ཀྱིས།། མཆོད་པ་དག་ནི་རྒྱ་ཆེན་བྱེད།། འཇིག་རྟེན་མགོན་པོ་དེའི་མཚན།། བརྗོད་པ་འཛིན་པར་མྱི་བྱེད་དེ།། བདུད་ཀྱི་ཕྱོགས་དང་སྔོན་ཆད་ནི།། མུ་སྟེགས་གྱུར་པ་མ
136a8 གཏོགས་སོ།། པའི་ས་ཚུལ་འདི་བཤད་པ་ན།། སྔོན་ནི་གང་གིས་འདི་ཐོས་པ།། ཕྱི་མའི་དུས་ཀྱི་ཚེ་དག་ཏུ།། དེའི་ལག་ཏུ་མདོ་སྡེ་འཐོབ།། ངའི་ས་མདོ་སྡེ་དམ་པ་འདི།། བཤད་པ་དག་ནི་སུས་ཐོས་པ།། སྔོན་ནོ་མཆོད་ཅིང
136a9 བཀུར་སྟི་བྱས།། དེའི་ལག་ཏུ་འདི་ཐོབ་བོ།། གང་གིས་སྨོན་ལམ་བཏབ་པ་ནི།། ཕྱི་མའི་དུས་ཀྱི་ཚེ་དག་ཏུ།། ཆོས་ཀྱི་རྒྱལ་པོས་གང་གསུངས་པའི།། མདོ་འདི་ལག་ཏུ་འཐོབ་པར་འགྱུར།། གང་ཞིག་སེམས་ནི་རྩ