| e-texts navigator |
| Wylie |
135b1 ཅད་ཀྱི།། ཡིད་དུ་འོང་ཞིང་དགའ་བར་འགྱུར།། འདིར་ནི་སྐྱོབ་པའི་མཚན་ཐོས་པ།། ཤི་ནད་ཏུ་བསྩགས་པ་པད་མའི་དབྱངས།། ཏིང་འཛིན་མྱུར་དུ་འཐོབ་པར་འགྱུར།། ཡོན་ཏན་བྱེ་བ་རབ་ཏུ་སྒྲོགས།། གང་ཞིག་འཇིག་རྟེན་འགོན་པོའི
135b2 མཚན།། ཐོས་ནས་སོམ་ཉི་མྱི་ཟ་བ།། ཕྱི་མའི་དུས་ཀྱི་ཚེ་དག་ཏུ།། དེའི་ས་བྱང་ཆུབ་འདི་འཛིན་ཏོ།། ཐུབ་པ་ཆེན་པོའི་མཚན་ཐོས་པ།། སངས་རྒྱས་མྱ་ངན་འདས་རྣམས་ཀྱི།། ལེགས་པར་གསུངས་པའི་ཆོས་ཀྱི་ཚུལ།། འཛིན
135b3 ཅིང་ཡང་དག་རབ་ཏུ་སྟོན།། སངས་རྒྱས་ཀུན་གྱིས་ལེགས་གསུངས་པའི།། ཆོས་དེ་རྣམས་ནི་དེས་འཛིན་ཏོ།། བཀོད་པ་མཆོག་ནི་ངེས་བྱེད་ཅིང་།། སངས་རྒྱས་ཀུན་ལ་བསྙེན་བཀུར་བྱེད།། དེ་ནས་འཆི་བའི་དུས་བྱས་ནས།
135b4 སངས་རྒྱས་བྱེ་བ་དེས་མྱུར་མཐོང་།། སངས་རྒྱས་ཀུན་གྱིས་གསུང་ས་པའི།། ཆོས་རྣམས་དེ་དག་འཛིན་པར་བྱེད།། སྐྱོབ་པ་དེའི་མཚན་ཐོ་ས་པ།། སྲོག་ཆགས་བྱེ་བ་ནན་ཏན་གིས།། འདུལ་བར་བྱེད་ཅིང་རབ་ཏུ
135b5 འགོད།། ཐམས་ཅད་བྱང་ཆུབ་ཕྱིར་འཇོག་གོ།། པའི་ས་མཐོང་ལ་ཡི།། དེ་ཆེས་པ།། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི།། རབ་ཏུ་བསྟན་པ།། འཛིན་འགྱུར་ཞིང་།། སངས་རྒྱས་རྣམས་ཀྱང་མཆོད་པར་འགྱུར།།
135b6 སངས་རྒྱས་མཁྱེན་ལ་གང་དད་པ།། ངས་མཐོང་བ་ལ་དེ་འདི་ཆེས།། འཆིང་བ་རྣམས་ལས་དེ་རྣམ་གྲོལ།། ཀློང་ལས་རྒལ་ཅིང་འཇིགས་པ་མྱེད།། གང་ཞིག་དམ་པའི་ཆོས་སྤོང་བ།། དེ་ནི་བདུད་ཀྱི་སྡེ་ཡིན་ནོ།། འགྲོ་བ་འི།
135b7 ལྔའི་འགྲོ་བ་ཡི།། སེམས་ཅན་ཀུན་གྱི་བ་སྤུ་གང་།། དེ་ནི་སྟོན་པའི་པུས་མོལ།། སྤ་ང་གཅིག་གི་བསྤུར་སྡུད།། སྐྱོབ་པ་འཇིག་རྟེན་མགོན་པོ་ཡི།། བ་སྤུ་གཅིག་གི་ཞུང་བུ་ནས།། ཇི་ལྟར་གང་གའི་བྱེ་མ་སྙེད།། དེ་སྙེད་འོད་ཟེར་འབྱིན་པ
135b8 མཛད།། གང་ཞིག་འཇིག་རྟེན་འགོན་འདི་ཡིག། འོད་ཟེར་མཐའ་ཡས་ལ་ཡིད་ཅེས།། རྩེ་གཅིག་གིས་ནི་སངས་རྒྱས་རྣམས།། སངས་རྒྱས་བྱེ་བ་མཐོང་བར་འགྱུར།། ཆོས་ཀྱི་རྒྱལ་པོས་མདོ་སྡེ་འདི།། བཤད་པ་གང་ཞིག་ཐོས་གྱུར་ད་ནས།
135b9 ནམས་ཀྱང་ཡིད་གཉིས་ཀྱི་ཟ་བ།། དེ་ནི་ངདང་འདྲ་བར་འགྱུར།། ཡངས་པ་ཅན་དུ་མདོ་སྡེ་འདི།། བཤད་པའི་ཆེམ་སུས་ཐོས་པ།། དེའི་གྱི་ལའི་དུས་སུ་དེས།། གཞན་ལ་ཡང་དག་རབ་ཏུ་སོམ།། ཇི་ལྟར་གང་གའི་བྱེ་བ་དག། མྱི་གཛམ