| e-texts navigator |
| Wylie |
135a1 འདྲ་ཞིང་།། སུམ་ཅུ་རྩ་གཉིས་མཚན་འཆང་འགྱུར།། གང་ཞིག་མཚན་ནི་ཐོས་ནས་སུ།། ཡན་ལག་ལྔ་ཡིས་ཕྱག་བྱས་ན།། རྟག་ཏུ་ཚངས་པའི་དབྱངས་ལྡན་ཞིང་།། མྱི་ཞོམ་པ་ཡང་སྤོང་བར་འགྱུར།། གང་ཞིག་འཇིག་རྟེན
135a2 མགོན་པོའི་མཚན།། ཐོས་ནས་སོམ་ཉི་མྱི་ཟ་བ།། དེ་ནི་བྱང་ཆུབ་ལ་མྱི་འགོང་།། དེ་ནི་ནམས་ཀྱང་ཨོཾ་ཉི་མྱེད།། གང་ཞིག་ཉིན་དང་མཚན་བདུན་ཏུ།། ཚང་བར་རྒྱལ་བའི་མཚན་འཛིན་པ།། སངས་རྒྱས་བསྔགས་པ་མཐའ་ཡས་པའི།། མྱིག་ནི་རྣམ
135a3 ར་དག་པར་འགྱུར།། མྱི་དེའི་ནི་ཤའི་མྱིག། ལྷའི་མྱིག་ཏུ་རྣམ་སྦྱོང་སྟེ།། གང་གའི་ཀླུང་གི་བྱེ་སྙེད་ཀྱི།། སངས་རྒྱས་མང་པོ་མཐོང་བར་འགྱུར།། ཐམས་ཅད་ལ་ནི་མཆོད་བྱེད་ཅིང་།། ཐམས་ཅད་ལས་ནི་ཐོས་པ་འཛིན།། མྱིག
135a4 གིས་ཐམས་ཅད་མཐོང་ནས་སུ།། མྱི་རྣམས་ཐམས་ཅད་དབུགས་འབྱི་ན་ཏོ།། དེ་བཞིན་གཤེགས་པའི་མཚན་ཐོས་པ།། སྔན་ཆད་བསམ་གྱིས་མྱི་ཁྱབ་པའི།། བསྙེན་བཀུར་སངས་རྒྱས་དག་ལ་བྱས།། དེ་དག་ཐོས
135a5 ཅད་རྗེས་དྲན་འགྱུར།། སྲོག་ཆགས་གང་རྣམས་མདུན་དག་ཏུ།། མཚན་ནི་བསྟན་པ་བྱས་འགྱུར་ན།། སེམས་ཅན་གཞན་གིས་དེ་མཐོ།། ང་ཞིང་།། ངེས་པར་བྱང་ཆུབ་འགྱུར་བ་ཡིན།། སངས་རྒྱས་ལ་ནི
135a6 དད་བསྐྱེད་ནས།། མྱི་ཁོམ་ཐམས་ཅད་རྣམ་པར་སྤངས།། རྩོད་དང་འགྱོད་པ་བྱས་པས་ནི།། མྱི་འོ་མ་རྣམས་སུ་སྐྱེ་བར་འགྱུར།། ཐུབ་པ་ནི་ན་པོ་དེའི་མཚན།། སེམས་ཅན་གཅིག་གིས་ཐོས་བྱས་ན།། རྩོད་པ
135a7 དང་ནི་འགྱེད་པ་ཡང་།། ཡིད་ལ་བྱེད་པར་མྱི་འགྱུར་རོ།། གལ་ཏེ་མནར་མྱེད་པའི་ལས།། བསྐལ་པར་གནས་པར་འགྱུར་བ་དག། གྲད་ན་ཙམ་ཞིག་སྐྱེས་ནས་སུ།། ལས་ཀུན་རྣམ་པར་སྦྱིན་མྱི་འགྱུར།། དེ་ལ་མེས་ནི་མྱི་ཚིག་ཅིང་།།
135a8 ཆུའི་ནང་དུ་འཆི་མྱི་འགྱུར།། དེ་ལ་རྒྱལ་པོ་རབ་ཁྲོས་ཀྱང་།། མྱུར་བ་ཉིད་ཏུ་ཞི་བར་འགྱུར།། གང་ཞིག་ཐུབ་པའི་མཚན་འཛིན་པ།། ནམས་ཀྱང་ལོང་བ་ཞར་བ་དང་།། ཐེ་བ་དང་སྐུར་དང་ལུས་ཉམས་དང་།། ནད་ནི་མང་པོར་མྱི་འགྱུར་རོ།།
135a9 གནོད་སྦྱིན་དྲི་ཟ་ཡི་དགས་དང་།། གྲུལ་བུ་མོ་སྲིན་པོ་མྱི་རྣམས་ནི།། སྡིག་ཅན་མ་རུངས་པ་རྣམས་དག། མྱི་དེ་ལ་ནི་གནོད་མྱི་བྱེད།། གང་ཞིག་ཐུབ་པའི་མཚན་འཛིན་པ།། འབྱུང་པོ་དྲ་ཟ་གནོད་སྦྱིན་རྣམས།། ཀླུ་དང་ལྷ་རྣམས་ཐོས