| e-texts navigator |
| Wylie |
134a1 དག་ཟད་པ་གཏུགས་པར་འགྱུར་རམ། གཞོ་ནུ་དེ་ཇི་སྙམ་དུ་སེམས། འཇིག་རྟེན་གྱི་ཁམས་གང་དུ་སྐྱེས་བུ་དེས་རྡུལ་ཕྲ་རབ་ཀྱི་རྡུལ་དེ་དག་བཞག་པ་འམ་མ་བཞག་པ་དེ་དག་བསམ་པའམ་བགྲང་བ་འམ་གཞལ་བའམ།
134a2 ཉེ་བར་བརྟག་པར་སླ་བ་འམ། གསོསད་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བཅོམ་ལྡན་འདས་དེའི་སླད་དུ་གང་ཞིག་དཔེལ་འདི་བཤད་པ་ལ་ཡང་དག་པའི་འདུ་ཤེས་སྐྱེད་པར་འགྱུར་བའི་སེམས་ཅན་ནི་ཤེས་པའི་ཕུང་པོ་མཆོག་དང
134a3 ལྡན་པར་འགྱུར་བ་ལགས་སོ།། གཞོ་ནུ་འཇིག་རྟེན་གྱི་ཁམས་གང་དུ་སྐྱེས་བུ་དེས་སུས་ཕྲ་མོའི་རྡུལ་དེ་དག་བཞག་པ་འམ། འོན་ཏེ་མ་བཞག་པའི་འཇིག་རྟེན་གྱི་ཁམས་དེ་དག་ཐམས་ཅད་ཀྱི་འོག་གི་ཆུ་ལི་ཕུང་པོ་ནས་བཟུང་ནས་སྲིད་པའོ།
134a4 རྩེ་མོ་ལ་ཐུག་གི་བར་གི་རྡུལ་ཕྲ་མོའི་རྡུལ་རྣམས་ཀྱིས་ཡོངས་སུ་གང་དབར་གྱུར་ད་ལ། སྐྱེས་བུ་གཉིས་པ་ཞིག་བྱུང་བས་དེ་དག་ལས་རྡུལ་ཕྲ་མོའི་རྡུལ་ཅིག་ཁྱེར་ཏེ། ཅི་ཙམ་དུ་འཇིག་རྟེན་གྱི་ཁམས་དེ་དག་གི
134a5 རྡུལ་ཕྲ་མོའི་རྡུལ་དེ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་ཕྲག་འ་བུམ་འདས་ནས། རྡུལ་ཕྲ་མོའི་རྡུལ་ཅིག་འཇོག་ན། གཞོ་ནུ་རྨ། མ་གྲངས་དེས་ན་ཡུན་རིང་པོ་འདས་ནས། རྡུལ་ཕྲ་མོའི་རྡུལ་བསྲས།
134a6 པའི་ཕུང་པོ་ཆེན་པོ་དེ་འདོར་བར་འགྱུར་རོ།། གཞོ་ནུ་རྣམ་གྲངས་དེས་ན་སྐྱེས་བུ་ཕྱེ་མ་དེས། གྲངས་མྱེད་པ་བརྒྱ་སྟོང་དགུ་བཅུ་རྩ་དགུར་བསྒྱུར་བ་འདས་ནས། སངས་རྒྱས་ཀྱི་ཞིང་གྲངས་མྱེད་པ་བྱེ་བ་ཁྲག་ཁྲིག
134a7 ཕྲག་འབུམ་སྙེད་འདས་པ་ན། དེ་ན་འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ཞེས་བྱ་བ་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་འོད་གཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི
134a8 བརྗིད་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་ཞེས་བྱ་བ་བཞུགས་ཏེ། འཚོ་ཞིང་བཞེས་ལ་ཆོས་ཀྱང་སྟོན་ཏོ།། གཞོ་ཆུ་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དེ
134a9 ན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངྱས་རྒྱས་རིན་ཅེན་འོད་གཟེར་ཟླ་བས་བརྒྱན་པ་མཁས་པའི་གཟི་བརྗིད་དེ་དབྱངས་ཀྱི་དབང་ཕྱུག་གི་རྒྱལ་པོ་དེའི་མཚན་ལ། སོམ་ཉི་མྱི་ཟ་ཞིང་ངས་མཐོང་བ་ལ་ཡང་ཡིད