e-texts navigator
Collection
Volume
Page
Wylie

133b1 ཅད་སྤྱོད། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་བསམ་པའི་དྲི་མ་སེལ། སེམས་ཅན་ཐམས་ཅད་ཆོས་དཀར་པོ་ལ་ཡང་དག་པར་སྐུལ། ལྷས་ཀྱང་ཡོངས་སུ་བཟུང་བར་འགྱུར། བྱང་ཆུབ་སེམས་དཔས་ཀྱང་བསམས་པར་འགྱུར།
133b2 དེ་བཞིན་གཤེགས་པས་ཀྱང་བྱིན་གྱིས་རློབ་པར་མཛད། ནམས་ཀྱང་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་བྲལ་བར་གྱི་འགྱུར། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཡོངས་སུ
133b3 རྫོགས་པར་འགྱུར། སྒྲ་དབྱངས་ཀྱི་རྣམ་པ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་ཡོངས་སུ་རྫོགས་པར་ཐོབ་པར་འགྱུར། ཚངས་པའི་དབྱངས་སུ་ཡང་འགྱུར། འཇིག་རྟེན་གྱི་ཁམས་ཐམས་ཅད་དང་འཐུན་པའི་སྒྲ་དབྱངས་དང་ལྡན་པས
133b4 བཞུགས་ལགས་སམ། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལི་ཙེ་བི་གཞོ་ནུ་རིན་ཅེས་དྲ་བ་ཅན་ལ། འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོ་ནུ་ལེགས་སོ་ལེགས་སོ།། གང་ཁྱོད་དེ
133b5 བཞིན་གཤེགས་པ་ལ་དོན་འདི་འདྲི་བར་སེམས་པ་ནི་སྤོབས་པ་ཡེགས་ཤིང་། དཔྱོད་པ་བཟང་ངོ་།། དེའི་ཕྱིར་གཞོནུ་ཁྱོད་ལེགས་པ། མཉོན་ལ་ཡིད་ལ་ཟུང་ཤིཀ་དང་ངས་ཁྱོད་ལ་བཤད་དོ།། བཅོམ་ལྡན
133b6 འདས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ། བྱང་ཆུབ་སེམས་དཔའ་རིན་ཅེན་དྲ་བ་ཅན། སེམས་རྩེ་གཅིག་ཏུ་བཅོམ་ལྡན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།།
133b7 གཞོ་ནུ་འདི་ནས་ཤར་ཕྱོགས་ལོགས་ན་འཇིག་རྟེན་གྱི་ཁམས་མུ་ཏིག་ཅན་ཞེས་བྱ་བ་ཞིག་ཡོད་དེ། གཞོ་ནུ་འདི་ལྟ་སྟེ་སྲིད་པའི་རྩེ་མོ་གང་ཀའི་ཀླུང་གི་བྱེ་མ་སྙེད་དུ་གྱུར་ད་ལ། དེ་དག་ཐམས་ཅད་ཀྱང་རྡུལ་ཕྲ་མོའི་རྟུལ་སྙེད་ཀྱིས་ཡོངས་སུ
133b8 གང་བར་གྱུར་ད་ཅིང་། དེ་ནས་སྐྱེས་བུ་འགའ་ཞིག་བྱུང་བས་དེ་དག་ལས་རྡུལ་ཕྲ་མོའི་རྡུལ་ཅིག་ཁྱེར་ཏེ། ཇི་ཙམ་དུ་འཇིག་རྟེན་གྱི་ཁམས་སྲིད་པའི་རྩེ་མོ་མཐས་གཏུགས་པ་དེ་དག། རྡུལ་ཕྲ་མོའི་རྡུལ་གཱས་ཡོངས་སུ་གང་བའི་གདུལ་གིས
133b9 གཔ་པའི་སྲེད་པ་དེ་སྙེད་གི་སངས་རྒྱས་ཀྱི་ཞིངདབྱེ་བ་ཁྲག་ཁྲིག་ཕྲག་འབུམ་འདས་ནས། རྡུལ་ཕྲ་མོའི་ཚུལ་གཅིག་འཇོག་ན་གའོ་སུ་ན་པ་གཞིས་ཡུན་རིང་པོ་འདས་པས། རྡུལ་ཕྲ་མོའི་ནུས་ཀྱི་ཕུང་པོ་ཆེན་པོའི་མཐལ




iiif viewer powered by OpenSeadragon

133a - 134a

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo