| e-texts navigator |
| Wylie |
133a1 ཅན། བཅོམ་ལྡན་འདས་ཀྱིས་ཞལ་ཟས་གསོལ་ལགས་པར་རིག་ནས། སྤུན་བཟེད་བླངས་ཏེ་ཚབ་ཕུལ་ནས་ཕྱག་བཅབས་སོ།། བྱེ་བ་ཁྲག་ཁྲིག་ཕྲག་འབུམ་རི་བའི་ཆོས་གོས་གསུམ་གིས། བཅོམ་ལྡན
133a2 འདས་ལ་མངོན་པར་གསོལ་ཏོ།། དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན་དང་། དགེ་བསྙེན་དང་། དགེ་བསྙེན་མའི་འཁོར་རྣམས་ལ་ཡང་། ཆོས་གོས་གསུམ་གྱིས་མངོན་པར་གཡོགས་ཏེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར
133a3 དེ་ནི་བཅོམ་ལྡན་འདས་ཀྱི་མཐུས་སོ།། དེ་ནས་ལི་ཙ་བི་གཞོ་ནུ་རིན་ཅེ་ན་དྲ་བ་ཅན་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུ་བ་ལུང་བསྟན་པོའི་སླད་དུ། བཅོམ་ལྡན་འདས་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ
133a4 ལྡན་འདས་དེ་བཞིན་གཤེགས་པ་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལི་ཙའི་གཞོ་ནུ་རིན་ཅེན་དྲ་བ་ཅན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞོ་ནུ་ཁྱོད་དེ་བཞིན་གཤེགས་པ་ལ་གང་དང་ཀང་སོམ
133a5 ཉི་ཡོད་པ་ཞུས་ཤིག་དང་། ངས་དེ་དང་དེའི་ཞུ་བ་ལུང་བསྟན་པས་མེ་མས་རངས་པར་བྱའོ།། དེ་ནས་ལི་ཙའི་གཞོ་ནུ་རིན་ཅེན་དྲ་བ་ཅན་ཀི་ས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོ་ཡང་ཏོ།། བཅོམ
133a6 ལྡན་འདས་འཇིག་རྟེན་གྱི་ཁམས་གཞན་དག་ན་སངས་རྒྱས་བཅོམ་ལྡན་འདས་སྔོན་གྱི་སྨོན་ལམ་དང་ལྡན་པ་བཞུགས་ཤིང་འཚོ་བ་གང་ད་ག་གི་མཚན་ཐོས་པ་ཙམ་གྱིས། བྱང་ཆུབ་སེམས་དཔའི་ཐེག་པ་ལ
133a7 ཡང་དག་པར་གནས་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་སོམ་ཉི་མ་མཆིས་ཤིང་ཐེ་ཙོམ་མ་མཆིས་པར་འགྱུར། ཕྱིར་མྱི་ལྡོག་ཅིང་བླ་ན་མྱེད་པ་ཡང་དག་པརེ་རྫོགས་པའི་བྱང་ཆུབ་དུ་ཡང་འགྱུར། ཚེ་རབས་དྲན་པ་དང་ཡང་ལྡན་པར
133a8 འགྱུར།། ནམ་དུ་ཡང་སེར་སྣའི་སེམས་དང་ལྷན་ཅིག་མྱི་གནས། བྱང་ཆུབ་སེམས་དཔལ་འཁོར་གྱིས་ཀྱང་ཡོངས་སུ་བསྐོར་བར་འགྱུར། ཉན་ཐོས་ཀྱི་འཁོར་དང་ཡང་བྲལ་བར་འགྱུར། ཡོན་ཏན་གྲངས་མྱེད་པ་བྱེ་བ་ཁྲག་ཁྲིག་ཕྲག
133a9 འབུམ་གྱིས་ཀྱང་ཡོངས་སུ་བཟུང་བར་འགྱུར། སངས་རྒྱས་ཐམས་ཅད་མངོན་པར་དགྱེས་པར་བགྱིས་པས་སེམས་ཅན་ཐམས་ཅད་ཡང་དག་པར་ཚིམ་པར་བགྱིད།། བདུད་ཐམས་ཅད་ཤི་ནང་ཏུ་སྐྲག་པར་བགྱིད།། སངས་རྒྱས་ཀྱི་ཞིང་ཞེས