e-texts navigator
Collection
Volume
Page
Wylie

132b1 ནས་བཅོམ་ལྡན་འདས་པ་རྡོའི་ནུས་ཀྱིས་སྲད་གསོན་ས་དང་། ཆོས་གོམ་གསོས་སྲུང་བཟེད་གནམས་ཏེ། དགེ་སློང་གི་དགེ་བཙུན་དཔག་ཏུ་མྱེད་པ་དང་འབས་གཅིག་ཏུ་སྟེང་གི་བར་སྣང་ལ་གྱི་བདུན་གྱི་སྲིད་ཙམ་དུ་མངོན་པར་འཕགས་ཏེ།
132b2 ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོར་གཤེགས་སོ།། བསྐྱོད་མ་ཐག་ཏུ་དེ་བཞིན་གཤེགས་པ་དེའི་སྟོང་གསུམ་གི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་རྣམ་པ་དྲུག་ཏུ་འགུལ། རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ་ད
132b3 གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། ལྡེག། རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འུར་འུར། རབ་ཏུ་འུར་ཉུང། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་སྟེ། ལྟས
132b4 བཅོ་བརྒྱད་དང་ལྡན་པ་རྣམ་པ་དྲུག་བཅུ་གཡོས་སོ།། གཞན་ཡང་ཆོ་འཕྲུལ་བྱེ་བ་ས་ཡ་བརྒྱ་ཕྲག་སྟོན་ཅིང་ཡངས་པ་ཅན་དུ་གཤེགས་སོ།། དེའི་ཚེ་ལྷ་བྱེ་བ་ས་ཡ་བརྒྱ་ཕྲག་སྟོང་དུ་མ་ལྷོའི་མེ་ཏོག་ཨུད་པ་ལ་དང་།
132b5 པད་མ་དང་། ཀུ་མུ་ཏ་དང་། པད་མ་ཀར་པོ་རྣམས་དང་། !། འི་རིན་པོ་ཆེ་ལས་བྱས་པའི་མེ་ཏོག་རྣམས་དང་། ལྷའི་ཨ་ཀ་རུའི་ཕྱེ་། མ་དང་། རིན་པོ་ཆེའི་ཕྱེ་མ་དང་། འཛམ་བུ་ཆུ་བོའི་གསེར་དང
132b6 ལྷོའི་རིན་པོ་ཆེའི་ཕྱེ་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་མངོན་པར་གཏོར། མངོན་པར་རབ་ཏུ་གཏོར་རོ།། ལྷའི་སིལ་སྙན་བྱེ་བ་ཁྲག་ཝཱ་ག་ཕྲག་འབུམ་མངོན་པར་རབ་ཏུ་དཀྲོལ་ཏོ།། ལྷའི་རྒྱན་དཔག་ཏུ་མྱེད
132b7 པ་རྣམས་ཀྱིས་བརྒྱན་ཏོ།། སྟེང་གི་བར་སྣངས་ཅན་དམ་དམར་པོ་ཤིང་རྟུལ་སྲོག་ཞིང་ཙམ་གྱི་ཆར་གྱི་རྒུན་ཕབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལི་ཙ་བི་གཞོ་ནུརིན་ཅེན་དྲ་བ་ཅན་གི་གནས་ག་པ་དེར་གཤེགས་ཏེ་བྱོན་ནས
132b8 xxx
132b9 xxx




iiif viewer powered by OpenSeadragon

132a - 133a

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo