| e-texts navigator |
| Wylie |
132a1 གཞོ་ཆུ་རིན་ཅེན་དྲ་བ་ཅན་ཡངས་པའི་གྲོང་ཁྱེར་ཆེན་པོ་ནས་བྱུང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས
132a2 གཅིག་ཏུ་འདུག་ནས། ལི་མ་བི་གཞོ་ནུ་རིན་ཅེན་དྲ་བ་ཅན་དེ་ལ། བཅོམ་ལྡན་འདས་ཀྱིས་ཆོས་དང་ལྡན་པའི་གཏམ་གིས་ཡང་དག་པར་དགའ་བར་མཛད། ཡང་དག་པར་འཛིན་དུ་འདུག། ཡང་དག་པར་གཟེངས་བསྟོད། ཡང
132a3 དག་པར་རབ་ཏུ་དག་བ་མཛད་དོ།། དེ་ནས་ལི་ཙ་བི་གཞོ་ཆུ་རིན་ཅེན་དྲ་བ་ཅན་གྱིས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། པུས་མོ་གཡས་པའི་ལྷ་པས་ལ་བཙུགས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་པ་བཏུད
132a4 ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོ་མ་ལྡན་འདས་རས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་བདག་གི་དེར་ཀ་དུགས་ཚོད་གསོལ་བར་ཅི་གནང་། བཅོམ་ལྡན་འདས་ཀྱིས་ལྀ་ཙ་བི་གཞོ་ནུ་རིན
132a5 ཅེན་དྲ་བ་ཅན་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། ཅང་མྱི་གསུང་བར་གྱུརྡ་པ་གནང་ངོ་།། དེ་ནས་ལི་ཙ་བི་གཞོ་ནུ་རིན་ཅེན་དྲ་བ་ཅན། བཙོ། མ་ལྡན་འདས་ཀྱིས་ཅང་མྱི་གསུང་བར་གྱུར་ད་པས་གནང་བར་རིག་ནས
132a6 བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐད་ནས་སོང་ངོ་།། དེ་ནས་ལི་ཙ་བི་ཀཞོ་ནུ་རིན་ཅེན་དྲ་བ་ཅན་ལྷའི་དབང་པོ་བརྒྱ་བྱིན་དང་མྱི་མཆེད་ཀྱི་བདག་པོ་ཚངས་པ་དང་། ལྷའི
132a7 བུ་དཔལ་བཟང་ལྡན་དང་ལྷན་ཅིག་ཏུ་ཡངས་པའི་གྲོང་ཁྱེར་ཆེན་པོར་ཞུགས་སོ།། སྤྲོ་བ་དང་དཀའ་བའི་གཟུགས་རྣམས་ཀྱིས་ཞལ་ཟས་རོ་བརྒྱ་དང་ལྡན་པའི་རྣམ་པ་སྦྱོར་དུ་བཅུག་གོ།། སྦྱར་ནས་དེའི་མཚན་མོ་འདས་པ་དང་། བདན
132a8 བཤམས་ཤིང་ཡངས་པ་ཅན་ལེགས་པར་བརྒྱན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས
132a9 ལི་ཙ་བི་གཞོ་ནུ་རིན་ཅེན་དྲ་བ་ཅན་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གདུགས་ཚོང་བབ་སྟེ། དེའི་དུས་ལ་བབ་པར་མཁྱེན་ན་གདུགས་ཆོད་ལགས་ཏེ། དུས་ལ་བབ་པ་ལགས་སོ།། དེ