e-texts navigator
Collection
Volume
Page
Wylie

131b1 ལྔ་ལྡི་གསེར་གི་དྲ་བ་དག། དྲིལ་བུ་གཡེར་ཀ་དག་གིས་མཛེས་པར་བྱས།། ཁྲི་རྣམས་ཀྱི་ནི་འོག་ཏུ་ཀ་བ་ཡང་།། བྱེ་བ་ཕྲག་སྟོང་བྱ་བ་ལེགས་པར་སྦྱ་ད།། གང་གིས་འདི་རུ་ཁྲི་མཆོག་དེ་དག་ནི། བརྟན་པར་བྱས་པ་སྒོ་གཏན་བཅུ།
131b2 པ་བཞིན།། ཁྲིའི་སྟེང་དུ་གསེར་ལས་བྱས་པ་དང་། གསེར་སྟ་བུ་དང་རྡུལ་དང་བྱེ་དུརྱ།། དེ་བཞིན་ཤེས་དང་སྤུག་དང་། རྡོ་སྙིང་དང་། དེ་བཞིན་རྩ་བ་དང་ནི་ཁོང་པ་ནས།། བྱུང་བ་མྱིན་པའི་མུ་ཏིག་ཀ་དུག་དག་བྱས།། ཙན་དན
131b3 ཤིན་ཏུ་དམར་པོས་དམར་བས་བསྐུས།། རེ་རེ་དག་ནི་བྱེ་བ་སྟོང་དུ་ཚང་།། ཁྲི་རྣམས་དང་ནི་ཁྲི་ལ་ཆུ་ལྟ་བུའི།། མཁའ་རྟེན་དག་ཀྱང་བྱས་ནས་དེ་ལ་ནི།། གསེར་གྱི་དྲ་བ་དང་ནི་ཀསེར་ལྟ་བུ།། དངུལ་དང་བྱེ་ཏུ་རྱ་དང་དེ་བཞིན་ཤེལ།། སྤུག
131b4 དང་དེ་བཞིན་རྡོའི་སྙིང་པོའི།། མཁའ་རྟེན་སོ་སོ་བྱས་ནས་དེ་ལ་ནི།། དྲིན་ཅེན་དཱི་ལ་སྨ་ཤི་ནད་ཏུ་སྙན་པ་བཏགས།། རྣམ་འདྲེན་སྨ་ནི་རྣམ་པར་གྲགས་པའི།། མཆོད་པའི་དོན་དུ་བདུག་པ་རབ་ཏུ་བཞག། ཡངས་པ་ཅན་གྱི
131b5 སྟེང་གི་བར་སྣང་ལ། གསེར་གྱི་སྐུད་པ་ལས་བྱས་བླ་རེ་བྲེས། གསེར་གི་སྲུད་པ་རེ་རེ་མཆོག་ཏུ་བཟང་། རིན་ཅེན་ཆུན་འཕྱང་སྟོང་ཕྲག་བྱེ་བ་ཡང་།། མུ་ཏིག་རྒྱན་འཕྲེང་སྟོང་ཕྲག་བྱེ་བ་ཡང་།། རེ་རེ་ག་སེར་ལས
131b6 བྱས་པའི་སྐུད་པས་བརྒྱུས།། ཡངས་པའི་གྲོང་ཁྱེར་གནས་པའི་ལི་བྱི།། གང་དག་གང་དུ་འདོ་བ་དེར་ཉམས་དགལ།། དེ་ཚེས་ནི་སྐྱེས་བུ་བ་དུན་སྲིད་གཡོགས།། གྲོང་ཁྱེར་ཡངས་པ་ཀུན་ཏུ་རས་ཡུག་བཀྲམ།
131b7 དྲ་བ་ཅན་གྱིས་ཙན་དན་དམར་བཏགས་ནས།། རས་རྣམས་ལ་ནི་ལེགས་པར་བསླུ་བ་བྱས།། བྱེ་བ་སྟོང་ཕྲག་བདུན་བཙུའོ་སལ་སྙན་དག། རྣམ་པ་སྟོང་རྣམས་གཡས་ཀྱི་ཕྱོགས་ནས་འཁྲོལ།། གཡོན་ཕྱོགས་སུའང་བྱེ
131b8 བ་བདུན་ནུ་སྟོང་། ཤུག་ཀྱ་སེང་གེའི་མཆོད་པའི་དོན་ཏུ་བརྩོམ།། དེ་འདྲའི་བཀོད་ཆེན་བྱས་ནས་ལི་ཙ་བི།། གཞོ་ནུ་པྲ་བ་ཅན་གྱིས་དེའི་ཚེ།། དགའ་བའི་སེམས་ཀྱིས་ཕ་མ་ལ་སྨྲས་པ།། སངས་རྒྱས་སྤྱན་དྲང་སྐད་དུ་བདག
131b9 མཆིའོ།། གྲོང་ཁྱེར་མཆོག་ནས་མཁས་པ་དེ་བྱུང་སྟེ། རྒྱལ་བདག་ཆེན་པོ་གས་པར་སོང་ནས། ཡོན་ཏན་རྒྱ་མཚོ་ལ་ཞབས་ལ་མགོ་ཟ་འས། ཕྱག་འཚལ་དེར་ནི་གཞོ་ནུ་ཕྱོག་གཅིག་འདུག། དེ་ནས་ཨི་ཙ




iiif viewer powered by OpenSeadragon

131a - 132a

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo