e-texts navigator
Collection
Volume
Page
Wylie

131a1 ལྡན་གི་གནས་ནས་བབས་ནས། བདག་ལ་ཚིགས་སུ་བཅད་པའི་དབྱངས་ཀྱིས་བསྐུལ་བ་བགྱིས་པར་གྱུར་ད་ཏོ།། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ལ་མཆོད་པ་བགྱི་བའི་སླད་དུ། ཡབ་ལ་བདག་གསོལ་བ་བགྱིད
131a2 དོ།། དེ་ནས་ལི་ཚ་བྱི་གཞོ་ནུ་རིན་ཅེན་དྲ་བ་ཅན་གྱིས། ཕ་སྟོབས་མཐའ་ཡས་ལ་ཚིགས་སུ་བཅད་དེ་སྨྲས་པ། སེམས་ཅན་ཀུན་གྱི་དེད་དཔོན་རྫོགས་སངས་རྒྱས།། འཇིག་རྟེན་མཁས་པ་བསམ་ཡས་བདག་ཉིད་ཆེ།། སྐྱོབ་པ་དེ་ལ་ཁྱོད
131a3 ཀྱིས་མཆོད་དོན་མཛོད།། འདྲེན་པ་དེ་ནི་འཇིག་རྟེན་འབྱུང་བར་དཀའ།། ཇི་ལྟར་ཨུ་དུམ་བ་རའི་མེ་ཏོག་སྐྱེ་བ་ནི།། མདོག་ལྡན་མཛེས་ཤིང་ཤི་ནད་ཏུ་དྲི་ཞིམ་ལ།། དྲི་ངད་ལྡང་ཞིང་རྡུལ་བཅོམ་ཉོན་མོངས་མྱེད།། དེ་འདྲའི་མེ་ཏོག་མཆོག་ནི་རྙེད
131a4 པར་དཀའ།། དེ་ཕྱིར་ཡབ་ལ་བདག་གིས་གསོལ་འདེབས་པ།། དེ་ནི་དགྱེས་པའི་ཐུགས་ཀྱིས་བདག་ལ་གནོད་།། གང་ཞིག་འཇིག་རྟེན་འགོན་པོ་འོད་མཛད་པ།། དོན་དམ་གཟིགས་པ་ལ་ནི་མཆོད་པ་བགྱིད།། ལི་ཙ་བྱི
131a5 སྟོབས་མཐའ་ཡས་སེམས་དགའ་བས།། ལི་ཙ་བྱི་སེང་གེ་ཞེས་བྱ་བ། ས་སྨྲས་པ།། སྡེ་དཔོན་རྒྱལ་བ་ལ་ནི་མཆོད་མཛོད་དེ།། བདག་གི། གཞོ་ནུ་བསྟན་ལ་གནས་པར་མཛོད།། འདྲེན་པ་ཤག་ཀྱ་སེང་གེ་མཆོད་པ
131a6 དང་། གཞོ་ནུ་མཆོག་གི་སྤྲོ་བ་བསྐྱེད་པའི་ཕྱིར། ཁྱིམ་པ་བྱེ་བ་དྲུག་བཅུ་བརྩོན་པར་གྱུར་།། བརྒྱ་བྱིན་ལཱ་མྱིག་སྟོང་དང་ལྡན་པ་དང་། ཚངས་པ་དང་ནི་དབང་ཕྱུག་དབང་སྤུར་ལྷ།། བདུད་ཀྱི་བུ་བོ་དེད་དཔོན་མང་པོ་དང་།། བྱེ་བ་སའི་ལྷ
131a7 དང་ལྷན་ཅིག་ཏུ།། ཡངས་པ་ཅན་གྱི་དགའ་བར་ཐམས་ཅད་ཞུགས།། གསེར་ལས་བྱས་དང་དེ་བཞིན་རྡུལ་གྱི་ཁྲི།། བྱེ་བ་ཕྲག་ནི་སྟོང་དུ་ཆང་བ་དག། རིན་ཆེན་བདུན་གྱིས་དེ་དག་མཛེས་བྱས་པས། རེ་རེ་ཡང་ནི་བྱེ་བ་སྟོང་དུ་ཆང་།། ཁྲི
131a8 གཡས་དང་གཡོན་དུ་རིན་པོ་ཆེ།། རིན་ཆེན་སྣ་བདུན་རྒྱལ་མཚན་བཟང་པོ་བཙུགས།། ཁྲི་རེའི་ཚད་ནི་དཔག་ཚད་རངས་པར་ཡོད།། རྒྱལ་མཚན་དག་ཀྱང་དཔག་ཚད་བྱེ་བར་མཐོ།། རྒྱལ་མཚན་རྣམས་ཀྱི་གཡས་དང་གཡོད་དུ་ནི།། དེའི
131a9 དྲུང་དཔག་ཚད་པས་མཐོ་སྟེགས་བུ་དང་། རང་བཞིན་གཅིག་སྟེ་ནོར་བུ་རིན་པོ་མ།། བྱེ་བ་ལས་བྱས་དཔག་ཚད་མཐོང་བར་འཕགས།། ཁྲིའི་བར་བར་ལྷའི་བ་དན་ཡང་།། དཔག་ཚད་པས་ཀྱང་རིང་བ་ཤ་སྟག་སྦྱངས།། བ་དན




iiif viewer powered by OpenSeadragon

130b - 131b

Texts on this page

Ng5.5 - 'phags pa rin chen dra ba can gyis zhus pa zhes bya ba theg pa chan po'i mdo