e-texts navigator
Collection
Volume
Page
Wylie

122b1 འགྱུར་རོ།། ཀྭའི་བདག་པོ་ཚིག་ཐལ་བ་སྤངས་པའི་སྐྱེམ་བུ་ག་ཟག་ནི་གཅིག་ཏུ་ངེས་པ་གསུམ་འཐོབ་བོ།། གསུམ་གང་ཞེན། འདི་ས་སྟེ། མི་ཀ་རན་པས་མཁས་པ་རྣམས་གཅིག་ཏུ་ངེས་པར་དགལ་བ་དང་། ལན་ལེགས་པ་མངོན
122b2 ཐས་གཅིག་ཏུ་རེས་པར་དེའི་ཟླ་བདེ་དཔ་ལ་འགྲོ་བ་དང་། ཅོམས་མ་ཡིན་པ་མམཐའ་བས་གཅིག་ཏུ་ངེས་པར་མད་ཀྱི་ཆེབ་ཉིད་འཐོབ་པ་ཡིན་ཏེ།། ཀླུའི་བདག་པོཚིག་བྱལ་བ་སངས་པའི་སྐྱེས་བུ་གང་ཅག་ནི་གཅིག་ཏུ་ངས་པ་གསུམ་པར
122b3 དེ་དག་འཐོབ་བོ།། ཚིག་ཕུལ་བ་སྤངས་པའི་དགེ་བའི་རྩ་བ་གས་ཏེ་ཐ་ར་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེ་དགེ་བའི་རྩ་བ་དེས་ཕྱེད་པར་ལུང་སྟོན་ཅིང་གཞན་དུ་མྱི་གསུང་དེ་བཞིན་གཤེགས་པར་འགྱུར་རོ།། ནུན
122b4 བདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་དབང་པོ་ལྔ་འཐོབ་པོ།། ལྔ་གང་ཞེ་ན། འདི་ལྟ་སྟེ། དབང་པོ་མ་ཚང་བ་མྱེད་པས་ལུས་དང་། ངག་དང་སེམས་ལ་དབང་བ་ཐོབ་པ་དང་། དགྲ་ཐམས་ཅད་ཀྱིས་མྱི་རྫིབས་ལོངས་སྤྱོད
122b5 དང་། དབང་ཕྱུག་ལ་དབང་བ་རྒྱ་ཆེན་པོ་འཐོབ་པ་དང་། བསོད་ནམ། ས་ཀྱི་དབང་གིས་དེའི་སེམས་ལོངས་སྤྱོད་དང་། ཡོངས་སུ་སྤྱོད་པ་རྒྱ་ཆེན་པོ།། ཐམས་ཅད་ལ་འགྲོ་བ་དང་། དགབ་པ་མཆོག་ཐོབ་པས་རྒྱལ་པོ་དང་དབང
122b6 པོས་མཆོད་པ་དང་། སྔོན་ཕྲ་དོག་མྱེད་པས་ལོངས་སྤྱོད་ཇི་ལྟར་སྨོན་པ་རྣམས་དེ་ལས་སྟོང་ཕྲག་བརྒྱད་འགྱུར་དུ་ཁྱད་པར་ཏུ་འགྱུར་བ་འཐོབ་བོ།། ཀླུ། ལིབདག་པོ་བརྣབ་སེམས་སྤངས་པའི་སྐྱེས་བུ་གང་ཟག་མི་དབང་པོ་ལྔ་པོ།
122b7 དེ་དག་འཐོབ་བོ།། བརྣབ་སེམས་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངསསུ་སྔོན། དེ་དགེ་བའི་རྩ་བ་དེས་འཇིག་རྟེན་གསུམ་གིས་མཆོད་པའི་དེ་བཞིན་གཤེགས་པ་སྟོན་པ་གཅིག་པུར
122b8 འགྱུར་རོ།། ཀླུའི་བདག་པོ་གནོད་སེམས་སྤངས་པའི་སྐྱེས་བུ་གང་ཟག་ནི་ཡིད་བདེ་བར་བྱེད་པའི་ཆོས་བརྒྱད་འཐོབ་པོ།། བརྒྱད་གང་ཞེ་ན། འདི་ལྟ་སྟེ། དེའི་སེམས་རྣམ་པར་མྱི་འཚེ་བ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་གནོ།
122b9 སེམས་རབ་ཏུ་ཞི་བ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་རྩོད་པ་མྱེད་ཅིང་འཐབ་པ་མྱེད་པ་ལ་འགྲོ་བར་འགྱུར་བ་དང་། དེའི་སེམས་དྲང་ཞིང་མཉེན་ལ་ངེས་པ་ལ་འགྲོ་བར་འགྱུར་བ་དང་། འཕགས་པའི་སྐྱེ་བོར་གྲགས་པར་འགྱུར་བ




iiif viewer powered by OpenSeadragon

122a - 123a

Texts on this page

Ng5.3 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo