| e-texts navigator |
| Wylie |
122a1 །། སུས་དང་། ངག་དང་། སེམས་ཡོངས་སུ་དག་པར་འགྱུར་བ་དང་། ཚིག་འཁྲུལ་པ་མྱེད་པས་མཆོག་ཏུ་དཀའ་བ་མང་བར་འགྱུར་བ་དང་། ཚིག་གཟུང་བར་འོས་པས་ངག་ཉན་པར་འགྱུར་བ་དང་། ཤེས་རབ་ཐོབ་པས་ལྱ་ད
122a2 གྱི་རྣམས་ཀྱི་ནང་དུ་ཁ་ན་མ་ཐོ་བ་མྱེད་པར་འགྱུར་བ་ཡིན་ཏེ། ཀླུའི་བདག་པོ་བརྫུན་དུ་སྨྲ་བ་སྤངས་པའི་སྒྲས་བུག་པ་ཟག་ནི་སྐ་དང་མྱིས་བསྔགས་པའི་ཆོས་བརྒྱད་པོ་དེ་དག་འཐོབ་བོ།། བརྫུན་དུ་སྨྲབ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བླ་ན་བྱེད
122a3 ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྟོན། དེ་དགེ་བའི་རྩ་བ་དེས་བདེན་པའི་རྗེས་སུ་འཇུག་པའི་ཚིག་ཏུ་འགྱུར་རོ།། ཀླུའི་བདག་པོ་ཕྲ་མའི་ཆོག་སྤངས་པའི་སྐྱེས་བུ་གང་ཟག་ནི་མྱི་བྱེད་པ་ལྔ་འཐོབ་བོ།། ལྔ་ཀང་ཞེ་ན། འདི་ལྟ་སྟེ།
122a4 གཞན་གྱི་གནོད་པའི་འཇིགས་པ་ཐམས་ཅད་ལས་ཤིནད་ཏུ་འདའ་བས་མྱི་ཕྱེད་པ་ཐོབ་པ་དང་། གཞན་དག་གི་ལ་ཆགས་པ་བྱེད་པས་གཡོག་མྱི་ཕྱེད་པ་འཐོབ་པ་དང་། ལས་ཀྱི་རྣམ་པར་སྦྱིན་པ་ལ་ཡིད་ཆེས་པས་དད་པས་མྱི་ཕྱེད་པ
122a5 འཐོབ་པ་དང་། བསྒྲུབ་པ་སྙིང་པོར་བྱེད་པས་ཆོས་ལས་མྱི་ཕྱེད་པ་ལ་ཐོབ་པ་དང་། མྱི་སླུ་བས་མཛའ་བོ་མྱི་ཕྱེད་པ་ཐོབ་སྟེ། ཀླུའི་བདག་པོ་ཕྲ། མའི་ཚིག་སྤངས་པའི་སྐྱེས་བུ་གང་ཟག་ནི། མྱི་ཕྱེད་པ་ལྔ་པོ་དེ་དག་འཐོབ་བོ།
122a6 ཕྲ་མའི་ཚིག་སྤངས་པའི་དགེ་བའི་རྩ་བ་གལ་ཏེ། བླ་ན་མྱེད་པ་ཡང་དག་པ་ར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྔོན། དེ་དགེ་བའི་རྩ་བ་དེས་གཡོག་གྱི་རྒྱ་ད་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། བདུད་དང་། ཕས་ཀྱི་རྒོལ་བ
122a7 ཐམས་ཅད་ཀྱིས་ཀྱང་དེ་བཞིན་གཤེགས་པ་དེའི་འཁོར་དབྱེ་བ་མྱི་ནུས་སོ།། ཀླུའི་བདག་པོ་ཚིག་རྩུབ་མོ་སྤངས་པའི་སྐྱེས་བུ་གང་ཟག་ནི་ངག་ཀི་ལས་ཡོངས་སུ་དག་པ་བརྒྱད་འཐོབ་པོ།། བརྒྱད་གང་ཞེན། འདི་ལྟ་སྟེ། ཚིག་རན་པ་དང་།། བདས་ད
122a8 རིམ་ཇིག་དང་། འཇམ་པའོ་ཆེག་དང་། གཟུང་བའི་ཆེག་དང་། མཉན་པའི་ཚི་ཀ་དང་། སྐྱེ་བོ་མང་པོ་དཀའ་བའི་ཚིག་དང་། ཀྱི་སྨད་པའི་ཚིག་ཡིན་ཏེ། ཀྭའི་བདག་མོ་ཚིག་ཆུབ་མོ་སངས་པའི་སྐྱེས་བུ་ག་ཟག་ནི། ངག་གི་ལས་ཡོངས་སུ
122a9 དག་ལ་བརྒྱད་པོ་དེ་དག་འཐོབ་པོ།། ཚིག་རྩུབ་པོ་སྤངས་པའི་དགེ་བའི་རྩ་བ་དེ་གལ་ཏེ་བྲ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་ལྡོན། དེ་དགེ་བའི་རྩ་བ་དེས་དེ་བཞིན་གཤེགས་པ་ཚངས་པའི་སྒྲ་སྐང་བསྒྲགས་པའི་དབྱངས་དུ