| e-texts navigator |
| Wylie |
121a1 xxx
121a2 འདས་པའི་ན་སུ་མཆོགས་པ་རྣམས་ཀྱིས་བ་ན་ཏོ།། ཆུའི་བདག་པོ་དེ་ལ་ཐོག་གཅོད་པ་སངས་པའི་སྐྱེས་ཟུག་པ་ཟག་ནི་རབ་ཏུཞི་བར་བྱེད་པའི་ཆོས་འཅུ་འཐོབ་བོ།། བཅུ་ག་པ་ཞེན། འདིས་སྟེ། འདིས་སེམས་ཅན
121a3 ཐམས་ཅད་ལ་གྱི་འཇིགས་པ་བྱིན་པ་ཡིན་ནོ།། དེའི་སེམས་སེམས་ཅན་ཐམས་ཅད་ལ་བྱམས་པར་དམྱིགས་པ་ལ་གནས་པ་ཡིན་ནོ།། དེའི་ཞེ་སྡང་གི་བག་ཆགས་ཡང་དག་པར་ཆད་པ་ཡིན་ནོ།། དེས་ནད་ཉུང་བར་འགྱུར་བའི་བསླུས
121a4 པ་ཡོངས་སུ་བཟུང་བ་ཡིན་ནོ།། དེས་ཚེ་རིང་བའི་ས་བོན་བཏབ་པ་ཡིན་ནོ།། དེ་ལ་མྱི་མ་ཡིན་པ་རྣམས་ཀྱང་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་དོ།། བདེ་བར་ཉལ་ཞིང་བདེ་བར་སད་པ་དང་། སྡིག་པའི་རྨྱིལ
121a5 ཀྱི་མཐོང་བ་ཡིན་ནོ།། དེ་ལ་ཉལ་བ་ན་ཡང་ལྷ་རྣམས་སྲུང་བར་བྱེད་དོ།། དེ་ལ་ཤར་གཉེར་བ་མྱེད་པ་ཡིན་ཏེ། ཤར་གཉེར་བའི་བག་ལ་ཉས་མྱེད་པ། ཡིན་ནོ།། ངན་འགྲོ་ཐམས་ཅད་ཀྱིས་མྱི་འཇིགས་པ་དང་། ཤི་འཕོས
121a6 ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུ་ར་ཏེ། ཀླུའི་བདག་པོ་སྲོག་གཅོད་པ་སྤངས་པའི་སྐྱེས་བུ་གང་ཟག་ནི་རབ་ཏུ་ཞ་བར་བྱེད་པའི་ཆོས་བཅུ་པོ་དེ་དག་འཐོབ་པོ།། སྲོག་གཅོད་པ་སྤངས་པའི
121a7 དགེ་བའི་རྩ་བ་དེ་གལ་ཏེ། ཕྲ་མ་བྱེད་པ་ཡང་བདག་པར་རྫོགས་པའི་བྱང་ཆུབ་ཏུ་ཡོངས་སུ་སྡོམ་དེ་དགེ་བའི་རྩ་བ་དེས་བྱང་ཆུབ་ཐོབ་པ་ན། སེམས་ཀྱི་དབང་གིས་ཆེ་ཚད་མྱེད་པར་འགྱུར་རོ།། ཀླུའི་བདག་པོ་མ་བྱིན་པར་ལེན་པ་སྤངས་པའི་སྐྱེས་བུ་གང
121a8 ཟག་ནི་ཡིད་བརྟན་པའི་ཆོས་བཅུ་འཐོབ་བོ།། བཅུ་གང་ཞེ་ན། འདི་ལྟ་སྟེ། ལོངས་སྤྱོད་ཆེ་ཞིང་དེའི་ལོངས་སྤྱོད་དེ་དག་རྒྱལ་པོ་དང་། ཀུན་པོ་དང་། མྱེ་དང་། ཆུ་དང་། མྱི་མཛ་བ་དང་། ཉེ་མཚམས་ཀྱིས་མྱི་འཕྲོགས་པ་ཡིན་ནོ།། སྐྱེ་བོ
121a9 མཔ་པོའི་ཡིད་དུ་འོང་བས་སྐྱེ་བོ་མང་པོ་དཀའ་བ་ཡིན་ནོ།། ཉེ་བའི་ཉོན་མོངས་པ་མྱེད་པ་ཡིན་ནོ།། ནོར་འབྲེལ་པ་རྣམས་ལ་ཡིད་བརྟན་ཏུ་རུང་བ་ཡིན་ནོ།། ཕྱོགས་དང་། ཕྱོགས་མཚམས་རྣམས་སུ་དེའི་བསྔགས་པ་བརྗོད་ཅིང་དེ་ལ་ཕ་རོལ