e-texts navigator
Collection
Volume
Page
Wylie

120a1 བདག་པོ་མྱེད་པ། བདག་གི་མྱེད་པ་ཡོངས་སུ་འཛིནད་པ་མྱེད་པའོ།། དེ་དག་ནི་ལས་ཇི་ལྟར་བསུགས་པས་བསྒྲུབས་པ་སྣ་ཚོགས་སུ་བྱས་པ་དག་སྟེ། འདི་ལ་བྱེད་པ་པོ་གང་ཡང་མྱེད་དོ།། ཀླུའི་བདག་པོ་འདི་ལྟར་ཆོས
120a2 འདི་དག་ཐམས་ཅད་ནི་བསམ་གྱིས་མྱི་ཁྱབ་པ་སླུ་བའི་མཚན་ཉིད་ཀྱི་ངོ་བོ་ཉིད་དོ།། ཀླུའི་བདག་པོ་དེ་ལ་བྱང་ཆུབ་སེམས་དཔའ་མཁས་པས་ཆོས་ཐམས་ཅད་བསྒྲུབས་པས་གནས་པའི་མཚན་ཉིད་དུ་ཤེས་ནས། དགེ་བའི་ལས་མངོན་པར
120a3 འདུ་བྱ་བ་དག་མངོན་པར་འདུ་བྱའོ།། དེ་དགེ་བའི་ལས་མངོན་པར་འདུ་བྱ་བ་དག་མངོན་པར་བྱེད་ན། བསྒྲུབས་པས་གནས་པའི་མཚན་ཉིད་ཀྱི་ཆོས་རྣམས་ཀྱིས་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་གང་དག་མངོན་པར་བསྒྲུབ་པ་དེ
120a4 དག་མཛེས་ཤིང་། བལྟ་ན་སྟུག་ལ་གཟུགས་བཟང་བ་དག་ཏུ་མངོན་པར་འགྲུབ་བོ།། ཀླུའི་བདག་པོ་དེ་བཞིན་གཤེགས་པའི་སྐུ་བསོད་ནམས་བྱེ་བ་ཞྭ། ག་ཁྲིག་བརྒྱ་སྟོང་ལས་སྐྱེས་པ། མཚན་རྣམས་ཀྱིས་ཇི་ལྟར་བརྒྱན་པ་དང
120a5 ཇི་ལྟར་བསྒྲུབས་པ་དང་། དཔལ་གྱིས་ལྷ་དང་ཕྱིར་བཅས་པའི་འཇིག་རྟེ་མཟིལ་གྱིས་མནམ་ནས་མ་ཆགས་པར་བཞུགས་ཏེ། ཀ་པན་བརྒྱ་སྣརོ་ཛ། ཕྲག་བཅུ་ལ་དབང་སྐུར་བའི་ཚངས་པ་ཆེན་པོ་འདི་དག་ཡོག་མོག་པོ
120a6 གྱུར་ད་ནས་དེ་བཞིན་གཤེགས་པའི་སྐུ་ལ་ལྟ་ན་ཡང་མྱིག་ཡཾ་ཡ~ཾ་ཝ~ཾ་རཀྲུ་རད་པ་ལྟོས། ཀླུའི་བདག་པོ་བྱང་ཆུབ་སེམས་དཔའ་འདི་དག་གི་གཟུ་གས་དང་མཚན་དང་ལུས་དང་། རྒྱན་རྣམས་ལ་ལྟོས།། ཀླུའི་བདག་པོ
120a7 དེ་དག་ཐམས་ཅད་ནི་དགེ་བའི་ལས་མངོན་པར་འདུ་བྱ་བ་རྣམས་ཀྱིས་མངོན་པར་འདུས་བྱས་པ་བརྒྱན་པ། བསྒྲུབས་པའོ།། ཀླུའི་བདག་པོ་ཁྱོད་ཀྱི་བཀོད་པ་འདི་ཡང་བསོད་ནམས་ཐམས་ཅད་ལས་བྱུང་བའོ།། ཀླུའི་བདག་པོ་བརྒྱ་བྱིན་དང
120a8 ཚངས་པ་དང་། འཇིག་རྟེན་སྐྱོང་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དཱི་ཟ་དང་། སྐ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མྱི་དང་མྱི་མ་ཡིན་པ་འདི་དག་གིས་བཀོད་པ་གང
120a9 ཡིན་པ་དེ་དག་ཐམས་ཅད་ཀྱང་བསོད་ནམས་ལས་བྱུང་བའོ།། ཀླུའི་བདག་པོ་རྒྱ་མཚོ་ཆེན་པོ་འདི་ན་གང་དག་ལས་སྣ་ཚོགས་གཟུགས་མྱི་སྡུག་ཅིང་དབྱིབས་མ་ལེགས་པ་དང་། དབྱིབས་ལེགས་པ་དང་། ལུས་རགས་ཤིང་ཆེ་བ་རྣམས་དང་།




iiif viewer powered by OpenSeadragon

119b - 120b

Texts on this page

Ng5.3 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo