e-texts navigator
Collection
Volume
Page
Wylie

119a1 རབ་ཏུ་གཡོས་པར་གྱུར་པ་ཏེ། འདི་ལྟ་སྟེ། ཤར་ཕྱོགས་མཐོན་ནུབ་ཕྱོགས་དམའ། ནུབ་ཕྱོགས་མཐོ་ན་ཤར་ཕྱོགས་དམལ། ལྷོ་ཕྱོགས་མཐོ་ན་བྱང་ཕྱོགས་དམལ། བྱང་ཕྱོགས་མཐོན་ལྷོ་ཕྱོགས་དམལ། དབུས་མཐོན
119a2 མཐའ་དམའ། མཐའ་མཐོ་ན་དབུས་དམལ་བར་འགྱུར་ཏེ། གཡོས་རབ་ཏུ་གཡོས། ཀུན་ཏུ་རབ་ཏུ་གཡོས། འགུལ་རབ་ཏུ་འགུལ། ཀུན་ཏུ་རབ་ཏུ་འགུལ། ལྡེག་རབ་ཏུ་ལྡེག། ཀུན་ཏུ་རབ་ཏུ་ལྡེག། འཁྲུགས་རབ་ཏུ་འཁྲུགས། ཀུན་ཏུ་རབ་ཏུ།
119a3 འཁྲུགས། ཤུར་ཤུར་རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེ་མ་ཆེམ་མོ།། སྡང་བ་ཆེན་པོས་ཀྱང་འཇིག་རྟེན་ཁྱབ་པར་གྱུར་ད་ཏོ།། མེ་ཏོག་གི་ཆར་ཆེན་པོ་ཡང་བབ་བོ།། སིལ་སྙན་དག་ཀྱང་མ་དཀྲོལ
119a4 བར་རང་འཁྲོལ་ཞིང་། སིལ་སྙན་དང་ཀླུ་དབྱངས་དེ་དག་ལས་ཀྱང་སྒྲ་འདི་ལྟ་བུ་འབྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མྱི་ཚུགས་པར་བྱིན་གྱིས་བརླབས་སོ།། ཆོས་ཀྱི་རྣམ་གྲངས་འདི་རྣམ་པར
119a5 དཀྲུག་ཏུ་མྱེད་པོའི་ཚུལ་དུ་ཆོས་ཀྱི་དབྱིངས་ཀྱི་ཕྱག་རྒྱས་ལེགས་པར་བཏབ། བོ་ཞེས་བྱུང་ངོ་།། ཀླུའི་རྒྱལ་པོ་རྒྱ་མཚོས་ཀྱང་སྟོང་གསུམ་གྱི་སྟོང་ཆེན་པོའ། ཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་མུ་ཏིག་གི་ཆར་ཆེན་པོ་ཕབ་བོ།།
119a6 དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩ་ལད་པ་ཀུན་དགའ་བོ་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ལ་གཞན་དག་ལ་ཡང་རྒྱས་པར་ཡང་དག་པར་སྟོན་ཅིག། གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི
119a7 རྣམ་གྲངས་འདི་བདག་གིས་གཟུང་ལགསྔ་མ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིར་རྩི་ལགས། འདི་ཇི་ལྟར་གཟུང་བར་བགྱི།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་ཀླུའི་རྒྱལ་པོ་རྒྱ་མཆོས་ཞུས
119a8 ཞེས་བྱ་བར་ཟུང་ཤིག། ཀླུའི་བདག་པོ་ལ་གཟུངས་ཀྱི་ལེའུ་ཞེས་བྱ་བར་ཡང་ཟུང་ཤིག། རིན་པོ་ཆེ་ཀུན་ནས་བཏུས་པའི་ཆོས་ཀྱི་སྒོ་ཡོངས་སུ་དག་པའི་ལེའུ་ཞེས་བྱ་བར་ཡང་ཟུང་ཞིག།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་ཀསལ་ནས།།
119a9 དང་ལྡན་པ་ཀུན་དགའ་བོ་དང་། ཀླུའི་རྒྱལ་པོ་རྒྱམ་ཐོ་དང་། ཀླུའི་རྒྱལ་པོ་མ་རྨོས་པ་དང་། ཀྭའི་རྒྱལ་པོ་རྒྱལ་ཚོའི་བུ་དཔལ་གྱིགའི་བརྗིད་དང་། རྒྱལ་པོ་ལ་ཕྱེས་དགྲ་དང་། ཕྱོགས་བཅུངས་འདུས་པའི་བྱ་བཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཟ




iiif viewer powered by OpenSeadragon

118b - 119b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo