e-texts navigator
Collection
Volume
Page
Wylie

118b1 བནམ་པོ་སྨིན་ག་ཏནན། རྣམནན་མ་མོ་ལྔ་དང་། ང་མི་ལྡན། རླུང་པ་ཛྲངས། ཨུ་གཏིཏན་ནམ་ཡིན། གཙུ་ཤིག་རིག་ཆགས་དང་། གས་ངསགས་ཀྱི་གནན་འདི་དག་ཡིན་ཏེ། འདས་པ་ད
118b2 འོངས་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་རྣམས་ཀྱིས་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་གསུངས་སོ།། རིག་སྔགས་གསབ་སྔགས་ཀྱི་གཞི་འདི་དག་གིས་མི། རྩོད་པའི་བདག་པོ་བདུད་ཐམས་ཅད་ཚར་གཅོད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འད
118b3 ལ་ཚངས་པ་ཀུན་ཏུ་སྣང་བ་ཞེས་བྱ་བས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་གཟུང་བར་བགྱི། བཅང་བར་བགྱི་རྒྱས་པར་བགྱིའོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བྱས་པ་གཟོའ་བ་དང་། བྱས
118b4 པ་ཚོར་བ་ནི་དཀར་པོའི་ཆོས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལས་བསྔགས་པའི་སླད་དུའོ།། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ལ་བྱས་པ་གཟོ་བ་དང་། བྱས་པ་ཚོར་བ་རྗེས་སུ་དྲན་ཞིང་རྗེས་སུ་སྲུང་སྟེ། དེ་བཞིན་གཤེགས
118b5 པའི་ཆོས་ཀྱི་ཚུལ་འདི་གཟུང་བར་བགྱི། ཡོངས་སུ་སྲུང་བར་བགྱིའོ།། དེན་དེས་བཅོམ་ལྡན་འདས་ཨཱའི་བུ་བསོད་ནམས་འཕགས་ཀྱིས་གསོལ་པ། @། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོས་དེ་བཞིན་གཤེགས་།
118b6 ཆོས་བཟུང་ན། བསོད་ནམས་ཇི་ཙམ་ཞིག་སྐྱེད་པར་འགྱུར་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྷའི་བུ་དེ་དག་ལ་ཚིགས་སུ་བཅད་དེ།། བཀའ་སྩལར་པ། སངས་རྒྱས་སྤྱན་གྱིས་ཕྱོགས་བཅུ་ལི་ཞིང་རྣམས་ཇི་སྙེད་ངས
118b7 མཐོང་བ། དེ་ཀུན་རིན་ཅེན་གང་བྱས་ནས།། མྱི་གང་སྦྱིན་པ་སྦྱིན་བྱེད་ལ།། གང་ཞིག་འཇིག་རྟེན་མགོན་པོའི་ཆོས།། སྙིང་ནས་ཡོངས་སུ་འཛིན་བྱེད་ན།། དེ་བས་མྱི་དེའི་བསོད་ནམས་ནི།། ཤིན་ཏུ་མང་དུ་འཕེལ་བར་འགྱུར།། བསྐལ་པའི
118b8 དུ་ཞུགས་ནས་ནི།། དཔེལ་རྣམས་བསྟན་པས་བཤད་ན་ཡང་།། དམ་པའི་ཆོས་ནི་འཛིན་པའི།། བསོད་ནམས་ཟད་པར་ཡོད་མྱི་འགྱུར།། ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ཡ།། ཝ་ཁྲག་ཁྲིག་བདུས་ཅུ་རྩ་དྲུག་གིས།། བླ་ན་བྱེད་པ་ཡང་དག་པར
118b9 རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། བྱང་ཆུབ་སེམས་དཔའ་དྲུག་ཁྲི་ནི་མྱི་སྐྱེ་བའི་ཆོས་རྣམས་ལ་བཟོད་པ་སྐྱེས་སོ།། སྟོང་གསུམ་གྱི་སྟོང་ཆེན་པའི་འཇིག་རྟེན་གྱི་ཁམས་འདི་ཡང་།། རྣམ་པ་དྲུག་དང་མཚན་མ་ཆེན་པོ་བཅོ་བརྒྱད་དུ




iiif viewer powered by OpenSeadragon

118a - 119a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo