e-texts navigator
Collection
Volume
Page
Wylie

118a1 བསྟན་པ་དང་། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་། མ་འོངས་པའི་སེམས་ཅན་ཆེན་པོ་དམ་པའི་ཆོས་ཀྱི་གྲོང་ཁྱེར་སྲུང་བ་དེ་དག་ལ་བསྟབས་པའི་ཕྱིར་ཁྱོད་ལ་གཏད་དོ།། དེ་ལྟར་བྱས་ན་ཁྱོད་ཀྱིས་དེ་བཞི
118a2 གཤེགས་པ་ལ་མཆོད་པའི་མཆོག་བྱས་པར་འགྱུར་རོ།། བརྒྱ་བྱིན་གྱིས་གསོལ་པ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་བདག་གིས་གཟུང་ལགས་སོ།། འདི་ནི་བདག་ཀྲིས་དེ་བཞིན་གཤེགས་པའི་བྱིན་ཀྱི་རླབས་ཁོ་ནས་རྒྱས་པར་བརྒྱན
118a3 མ་འོངས་པའི་སེམས་ཅན་ཆེན་པོ་དེ་དག་ལ་བསྟབས་པར་འཚལ་ལོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་གིས་ནི་དེ་བཞིན་གཤེགས་པ་ལ་བཀའ་དྲིན་པས་པའི་རྔོ་མྱ་ཐོག་སྟེ། འདི་ལྟར་བདག་ནི་དེ་བཞིན་གཤེགས་པས་ཆོས་ཀྱི་ཕན
118a4 གདགས་པས་ཕན་བཏགས་པའི་སླད་དུའོ།། བཅོམ་ལྡན་འདས་གཞན་ཡ་དུ། ཅི་ནས་བདུད་དང་ཕྱིར་རྒོལ་བ་ངེས་པར་བཅོམ་ནས། འདི་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་བ་དེ་ལྟ་བུར་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས།
118a5 པས་བྱིན་གྱིས་བརླབ་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ། ད་པ། ཀེའུ་ཤི་ཀ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག། བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་སྔགས་དང་།
118a6 གསང་སྔགས་ཀྱི་གཞི་བྱིན་གྱི་རླབས་ངས་བསྟན་པར་བྱ་སྟེ། རིག་སྔགས་དེ་པགསང་སྔགས་ཀྱི་གཞི་དེ་དག་གིས་བདུད་ཐམས་ཅད་དང་། ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱང་ཤིན་ཏུ་ཚར་གཅོད་པར་འགྱུར་ལ། དེ་བཞིན་གཤེགས
118a7 པའི་ཆོས་ཀྱི་སྨོན་མ་འདི་ཡང་ཡུན་རིང་དུ་གནས་པར་འགྱུར་རོ།། ཏད་ཡ་ཐཱ། ཨ་བཱ་ཡེ། བ་ཡ་བཱི་ག་ཏེ། བ་ཡ་བི་ཤོ་ད་ནེ། ཨ་བྷ་ཡང་དེ། ནི་རུ་པྲད་དཱ་བེ། ཨ་ནཱ་ཀུ་ལཱི། ཨ་ཀུ་ལཱ་ས་ཤོ་དཱ་ནེ་ཨ་མྲ་ཧེ། ཨ་བི་བ་དེ། ཨ་ཀ་ལ་པེ།
118a8 ཨད་ཙྱད་ཏེ། ཤུ་བྷ་ཏེ་ཛེ། ཏེ་ཙེ་བ་ཏི། མ་ཧཱ་ཏེ་ཛེ། ཨུད་པ་ཤ་མེ། མེ་ཏྱུད་ག་ཏེ། ཤྭོ་ཥ་ཡ་མ་ནེ། སད་ཏྱ་རད་ཤ་ནེ། ཨ་བི་རུད་དྭེ། ས་ཧི། ཏ་ཨ་རཱི། ཨ་རཱ་སིད་དྷ། ཨརྨི་ཏི་པ་ཏེ། སཱ་ག་རེ་ས་ག་ར་བ་ཏི། ཨ་བྷཱི་ཏེ། བ་ར་དྭཱ་ཛཱ་སན་དེ།
118a9 ཨ་ཀ་ཀཱ་ཡེ། ཨཀ་ཀ་ཏ་པྲ་བྷེ། ཛ་ཏི་བི་ཤོ་དཱ་ནི། ཤུད་དེ་ཤུ་བྷེ། ཨ་བྷ་ས་བ་ཏི། ས་མ་པྲ་ཡོ་གེ། ས་མ་ཙི་དེ། ཨ་ནུད་ཏ་རེ། བུད་དཱ་ཨ་དྷ། ཤ་ནེ། ཤི་ལ་བི་ཤོ་དྷ་ནེ། ཨ་ན་ཏི་ཀྲ་མ་ནེ། ཨ་སང་ག་ཧཱ་རེ། ནི་ཀྲྀ་ཧྲི་ཏ་མ་མཱ་ར་བ་ལམ?




iiif viewer powered by OpenSeadragon

117b - 118b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo