e-texts navigator
Collection
Volume
Page
Wylie

117b1 རྣམས་ཀྱང་མ་དམྱིགས་ཏེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་མཚན་ཉིད་ཀང་ལགས་པ་དེ། བུད་བྱེད་དང་སྐྱེས་པའི་ཆོས་རྣམས་ཀྱི་མཚན་ཉིད་ལགས་ལ། ཆོས་དེ་དག་ཀྱང་ཆོས་ཀྱང་མ་ལགས། ཆོས་མ་ལགས་པ་ཡང་མ་ལས།
117b2 དེའི་སྲང་ཅུ་འདི་ལྟ་བདག་ནི་སྐྱེད་པར་ཡང་ཀྱི་བགྱིད། འམ་སེམ་པར་ཡ་གྱི་བགྱི་ང། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ཤུ་མ་དེནི་དེ་བཞིན་ནོ།། བུ་མ་ཡིན་ཆེན་གྱིས་གསོལ་།
117b3 བཅོམ་ལྡན་འདས་བདག་གིས་བྱང་ཆུབ་དང་བྱང་ཆུབ་སེམས་དཔའི་སྤྱོད་པ་ཡང་མཐོང་ལ། སེམས་ཅན་ཐམས་ཅད་ཀྱི་གོ་ཙ་ཡང་བདག་གིས་བགོས།། དེ་དག་ཀྱང་གཏན་ཏུ་བདག་གིས་མ་མཐོང་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་པ།
117b4 བཀའ་སྩལ་ད་པ། བུ་མོ་དེ་ནི་དེ་བཞིན་ནོ།། བུ་མོ་དཱ་མ་མྱེད་པའི་འོད་ཀྱིས་ཀ། སོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་ལ་ཡང་ཆོས་ཀྱི་འདུ་ཤེས་མྱི་སྐྱེད་ལ། སེམས་ཅན་ཐམས་ཅད་ལ་ཡང་སེམས་ཅན་ཀྱི་འདུ་ཤེས་མྱི་སྐྱེད།
117b5 ཆོས་ཐམས་ཅད་ཀྱིས་ཀྱང་སངས་རྒྱས་ཀྱི་ཆོས་རྣམས་ལ་རྣམ་པར་མྱི་རྟོག། སྟེ། སངས་རྒྱས་ཀྱི་ཆོས་རྣམས་ཀྱི་ཁོངས་སུ་ཡང་ཆོས་ཐམས་ཅད་འདུས་པར་ཡང་དག་པར་མཐོང་ལ། དེ་དག་གི་ཁོངས་སུ་ཡང་མ་ཞེན་པར་ཡང
117b6 དག་པར་མཐོང་ན། བཅོམ་ལྡན་འདས་བདག་དེ་ལྟར་བརྩོན་ན། ཅི་དམེ་པའི་ཆོས་འཛིནད་པ་ལགས་སམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ད་པ། བུ་མོ་ཁྱོད་དེ་ལྟར་སྒྲུབ་ན། དམ་པའི་ཆོས་འཛིན་པ་ཡང་དག་པ་ཡིན་ནོ།
117b7 དེ་ནས་བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འདི་ལྟར་བསམ་གྱིས་མྱི་ཁྱབ་པའི་ཆོས་རྣམ་པར་ངེས་པའི་སྤོབས་པ་དང་ལྡན་པའི་བུ་མོ་རྣམས་ཀྱིས་འདིར་རྣམ་པ་དང་སྒྲ་དང་བརྡ་སྣ་ཚོགས་ཀྱིས
117b8 ཆོས་ཉིད་དེ་ལོ་གླེངས་ཏེ། ཆོས་གང་ཡང་འགལ་བར་གྱི་བགྱིད་ལ། ཆོས་ཐམས་ཅད་ཀྱང་བྱང་ཆུབ་དང་མཉམ་པ་ཉིད་དུ་སྟོན་པ་ནི་ངོ་མཆར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྲས་དཔ། ཀོའུ་ཤི་ཀ་དེ་ནི་དེ་བཞིན་ཏེ། བུ་མོ་འདི་དག་ནི
117b9 བསམ་གྱིས་མྱི་ཁྱབ་པའི་ཆོས་རྣམ་པར་ངེས་པ་སྟོན་པ་ལ་མཁས་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། བཟོད་པ་ཐོབ་པ་ཤ་སྟག་གོ།། ཀོའུ་ཤི་ཀ་གཞན་ཡང་ཆོས་ཀྱི་རྣམ་གྲངས་འདི་གཟུང་བ་དང་། གཞན་ལ་ཡང་རྒྱས་པར




iiif viewer powered by OpenSeadragon

117a - 118a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo