e-texts navigator
Collection
Volume
Page
Wylie

117a1 འཇོགས་ཐར་ཡང་ཕྱི་བ་གྱི་དང། ཅི་དེ་དམ་པའི་ཆོས་འཛིད་པ་ལགས་པས། བཀའ་སྩལ་དབ། ཀྭའི་བུ་དེན་དེ་ན་མང།། སའི་བུ་ནི་མ་བྱེད་པས་ན་མ་ས་པ་། བཅོམ་ལྡན་འདས་གང་ཆོམ་ཐམས་ཅད་དྲིམ་མཆིམས
117a2 དང་། སྙིགས་མ་མཆིས་པ་འདོད་ཆགས་ཀྱི་རྡུལ་དང་བྲལ་བར་རིག་ནས། རྒྱུ་ལས་བྱུང་བ་ལས་རྣམ་པར་གྲོལ་བར་མྱི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། ལྔའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ
117a3 སེམས་ཅན་སྒྲོལ་གིས་གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་རྣམས་ཀྱང་སྒྲོལ་བར་བགྱིད་ལ། བདག་མ་མཆིས་པ་ཡང་འཚལ།། བསྒྲལ་ནས་མཛུད་པར་བགྱིད་ལ། ཚུ་རོལ་དང་ཕ་རོལ་ཀྱི་འགྲམ་ན་ཡང་མྱི་གནས་མ། ཅི
117a4 དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀལ་སྩ་ལད་པ། ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་དགའ་བྱེད་ཀྱིས་གསོལ་པ།། བཅོམ་ལྡན་འདས་གང་ཆོས་ཐམས་ཅད་ལ་དབང་ཡང་ཐོབ་ལ། ཆོས་གང་ཡང་སྐྱེད་པར་མྱི་བགྱིད། 2
117a5 པར་ཡང་མྱི་བགྱིད་ན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བ་ཀ་ལ་སྩལ་བ། ལྷའི་བུ་དེ་ནི་དེ་བཞིན་ནོ།། སྣའི་བུ་རྒྱལ་པོ་བཟང་ཀྱི། ས་གསོལ་པ། བཅོམ་ལྡན་འདས་གང་སེམས་ཅན་ཐམས་ཅད་སེས
117a6 ཅན་མཉམ་པ་དང་། ཆོས་ཐམས་ཅད་ཆོས་མཉམ་པ་དང་། ཞིང་ཐམས་ཅད་ཞིང་མཉམ་པ་དང་སངས་རྒྱས་ཐམས་ཅད་སངས་རྒྱས་མཉམ་པར་རྗེས་སུ་སྔོན། ཅི་དེ་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩ་ལ་པ
117a7 ལྷའི་བུ་དེ་ནི་དེ་བཞིན་ནོ།། ལྷའི་བུ་ལེགས་པར་སེམས་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཅི་ཡང་མྱི་སེམས་ཤིང་སྤྲོས་པར་མྱི་བགྱིད་དེ། མཚན་མར་མྱི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀ
117a8 ས་པ། ལྔའི་བུ་དེ་ནི་དེ་བཞིན་ནོ།། སྲིང་མོ་ཨུད་པ་ལས་གསོལ་པ། བཅོམ་ལྡན་འདས་བདག་ཆོས་ཐམས་ཅད་སངས་རྒྱས་ཀྱི་ཆོས་རྣམས་ལགས་པར་འཚལ་ལོ།། འོདན་ཀྱང་བདག་མངོན་པར་རྫོགས་པར་འཆད་ཀྱི་རྒྱུན།
117a9 བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། སྲིང་མོ་དེ་ནི་དེ་བཞིན་ནོ།། བུ་མོ་མུ་ཏིཀ་འཕྲེང་གིས་གསོལ་པ། བཅོམ་ལྡན་འདས་བདག་གིས་བུད་མྱེད་ཀྱི་ཆོས་རྣམས་ཀྱང་མ་དམྱིགས། སྐྱེས་པའི་ཆོས




iiif viewer powered by OpenSeadragon

116b - 117b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo