e-texts navigator
Collection
Volume
Page
Wylie

116a1 སེམས་དཔའ་མཉམ་པ་ལྟས་གསོལ་པ།། བཅོམ་ལྡན་འདས་བདག་གིས་མཚམས་མ་མཆིས་པ་མཉམ་པ་ཉིད་ཀྱིས། བྱང་ཆུབ་མཉམ་པ་ཉིད་དུ་མཐོང་མ། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས་སམ།། བཀའ
116a2 སྩལ་པ། རིགས་ཀྱི་བུ་ཁྱོད་དེ་ལྟར་བསྒྲུབ་ན། ངའི་བྱང་ཆུབ་འཛིན་པ་ཡང་དག་པ་ཡིན་ནོ།། བྱང་ཆུབ་སེམས་དཔའ་ལྟ་བ་མྱེད་ཀྱིས་གསོལ་པ།། བཅོམ་ལྡན་འདས་བདག་གིས་སོ་སོའི་སྐྱེ་བོའི་ཆོས་རྣམས་ཀྱང་མ་མཐོང་།། སློབ་པའི་ཆོས་དང་།
116a3 བྱི་སློབ་པའི་ཆོས་དང་། རང་སངས་རྒྱས་ཀྱི་ཆོས་དང་། བྱང་ཆུབ་སེམས་དཔའི་ཆོས་དང་། སངས་རྒྱས་ཀྱི་ཆོས་རྣམས་ཀྱང་མ་མཐོང་ན། ཅི་བདག་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིན་པ་ལགས།། བཀལ་གས་ལང་པ། རིགས་ཀྱི་བུ་དེ་དེ
116a4 བཞིན་ནོ།། བྱ་བ་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་འས་འཆེབ་རྩེ་དྲ་བ་བཞིན་ཏུ་གནས་པས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱིརང་བཞིན་ཅི་ཡང་མ་འཚལ་ཅི་མྱི་འཛིན་ན། ཅི་བདག་དམ་པའི་ཆོས་འཛིན
116a5 པ་ལགས་སམ།། བཀའ་སྩལ་ད་པ། རིགས་ཀྱི་བུ་དེ་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་མྱིག་མྱི་འཛུམ་གྱིས་གསོལ་པ། བཅོམ་ལྡན་ལ། དེས་བདག་མྱིག་གིས་མྱི་ལྟ། སེམས་ཀྱིས་མྱི་གཏོང་། དྲན་པ་མྱི་སྐྱེད་ན།
116a6 ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། གས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔའ་བརྗོད་དུ་མྱེད་པས་གསོ་ལ་པ།། བཅོམ་ལྡན་འདས་བདག་ཆོས་ཀྱང་མྱི་སྟོན། ཆོས་མ་ལགས་པ
116a7 ཡང་མྱི་སྟོམ།། བདག་ལས་ཆོས་ཀྱི་སྒྲ་ཡང་མྱི་འབྱུང་། ཆོས་ཀྱི་འདུ་ཤེས་ལ་ཡང་རྟོག་པ་མྱི་བགྱིད་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་མི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔལ
116a8 མྱོང་མྱེད་ཀྱིས་གསོལ་པ།། བཅོམ་ལྡན་འདས་བདག་གི་མྱོང་དང་། མཚན་མ་ཡང་མྱི་ཉན་ལགས་ན། ཅི་བདག་དམ་པའི་ཆོས་འཛིན་པ་ལགས་སམ། བཀའ་སུ་སད་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ནོ།། བྱང་ཆུབ་སེམས་དཔལ
116a9 ནམ་ཀ་མཛོད་ཀྱིས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་ན་མ་མཁའི་ངོ་བོ་ཉིད་དུ་རིག་ནས། གར་ལ་འཛིན་པའི་ཆོས་རྣམས་དང་། ཆོས་མ་ལགས་པ་རྣམས་ཀྱང་མ་མཐོང་ན།། ཅི་བདག་དམ་པའི་ཆོས




iiif viewer powered by OpenSeadragon

115b - 116b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo