| e-texts navigator |
| Wylie |
115b1 ནརྣམ་པར་གྲག་པར་འགྱུར།། དེ་མ་རྡུལ་བཞིན་ལམ་གྱི་ཆུར་འགྱུར་ཏེ།། ཆོས་སོ། འཚལ་གྱི་སླད་དུ་བཏགས་པ་ཙམ།། ཆོས་ཀུན་སྣུམ་འདྲ་ཞིང་གསོག་ལགས་ཏེ།། དེ་དག་སེམས་ཅན་སད་དུ་རྣམ་ཡང་བྱེད།། དེ་དག་འང་བ།
115b2 ངོ་བོ་གང་ཡིན་པ།། དེ་ནི་རྣམས་ཀྱང་རྣམ་པར་དབྱེར་གྱི་རུང་།། འཇིག་རྟེན་ནི་སངས་རྒྱས་ཆོས་རྒྱལ་མཆོག། ཆོས་ཀྱི་དབང་ཕྱུག་ཀུན་རིག་ཀུན་མཁྱེན་པ།། སྟོན་པ་དེ་ལ་སློབ་ན་དེ་བཞིན་དུ་འཕགས་པ་ཀུན་གྱིས་དེ་ཉིད་དོན་ཡང་རྟོགས།
115b3 བ་གང་ལགས་པ་དང་ད་ལྟར་དང་། མ་འོངས་པ་ན་འབྱུང་བ་གང་ལགས་པ།། ཐམས་ཅད་ལ་ཡང་ཐུབ་པ་སྐྱེས་མཆོག་གི།། ཡེ་ཤེས་འཇུག་སྟེ་ཐོགས་པ་ཡོད་ཀྱི་མངལ།། སྐྱེས་བུ་དམ་པ་དེའི་ས་དེ་རིང་བདག། དོགས་མ་མཆིས་པར་བྱང་ཆུབ
115b4 མཆོག་ལུང་བསྟན།། བདག་ནི་འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྱུར།། བདག་ནི་སོམ་ཉི་མ་མཆིས་དོགས་མ་མཆིས།། ། ཆོས་ཐམས་ཅད་རང་བཞིན་གྱིས་ཡོངས་སུ་དག་པའི་ལེའུ་སྟེ། དགུ་པའོ།།
115b5 དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅ། ད་ལ་བཀའ་དམྱལ་བ། སྐྱེས་བུ་དམ་པ་ཁྱེད་ཀྱིས་དེ་བཞིན་གཤེགས་པ་འི་བྱང་ཆུབ་ཅི་ནས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར་ཟུང་ཤིག། ཁྱོད
115b6 ཀྱི་ནང་ནས་སུ་དག་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་སྤྲོ།། དེ་ནས་དེ་བྱང་ཆུབ་སེམས་དཔའ་ཁྲི་དང་། ལྷའི་བུ་ཁྲི་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀ་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན
115b7 འདས་ལ་འདི་སྐད་ཅེས་གསོལྡ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་མདོ་སྡེ་འདི་ལྟ་བུ་འདི་དག་གཟུང་བར་འཆས་འཚས་མོ།། རྒྱས་པར་ཡང་འགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དབ། རིགས་ཀྱི་བུ་ཁྱོད་ཀྱིས་ཆོས་བསླབ་པ།
115b8 ཇིསྟེ་བུས། དེ་བཞིན་གཤེགས་པའི་བྱང་ཆུབ་འདི་འཛིན་པར་བྱེད། དེ་ནས་དེར་བྱང་ཆུབ་སེམས་དཔའི་ཡེ་ཤེས་རྒྱལ་མཆ་མཏོག་ཅེས་བྱ་བ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅོས་གསོལར་ཏོ།། བཅོམ་ལྡན་འདས་བདག་གིས་དམ་པོར།
115b9 ཆོས་གཟུང་བར་འཚལ་ན། ཅི་བདག་དེ་བཞིན་གཤེགས་པའི་བྱ་ཆུ་ཡིན་པ་ལགས་ལམ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རིགས་ཀྱི་བུ་ཁྱོད་དེ་ལྟར་བསྒྲུབ་ན་དེ་བཞིན་གཤེགས་པའི་བྱང་ཆུབ་འཛིནད་པ་ཡང་དག་པ་ཡིན་ནོ།། བྱང་ཆུབ