e-texts navigator
Collection
Volume
Page
Wylie

115a1 པར་སྦྱིད།། ནང་དང་ས་རོལ་བ.རན་གྱི་གནས་ཏེ། ཆོས་རྣམ་གང་དུའང་འཐུངས་པ་ཡོང་མ་མཆིས།། དེ་དག་གང་ལའང་རྟེན་པ་མ་མཆིས་ལ། རྣམ་པར་སྨིན་པ་སླུ་བར་ཡོང་མྱི་བགྱིད།། སྐྱེས་པ་གྱི་སྔ་འགགས་པ་སྔ་མ་ལགས།
115a2 མཁས་པ་རྣམས་མི་གོ་བར་བགྱི་སྲད་དུ།། ཉན་པ་ལ་ནི་སྐབས་ཚིག་ཀྱང་བསྟན།། ལྟ་བ་རྣམ་པར་སྦྱང་བའི་སླད་དུ་བསྟན།། གང་གི་འདུ་ཤེས་འདུ་ཤེས་ཅན་མ་མཆིས།། མྱ་ངན་འདས་མཆིས་སུ་ཡང་ནི་མ་མཆིས།། སྐྱེ་བ་མ་མཆིས་མཐའ་གང
115a3 མཐའ་དེ་ལགས།། བདག་གི་བདག་མྱེད་མཐའ་ནི་ནམ་མཁའི་མཐའ།། ཀུན་གྱི་མཐའ་ནི་མཐའ་མཉམ་ཐོབ་པ་དེས།། སངས་རྒྱས་བསམ་གྱིས་ཀྱི་ཁྱབ་དམ་པ་ཐོབ།། སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་ནི།། སྐྱེ་བའི་མཐའ་དང་སྐྱེ་བ་མ
115a4 མཆིས་མཐའ།། མཐའ་ཀུན་དེ་ལྟར་མཉམ་པར་མཐོང་བ་དང་། ཆགས་མྱེད་མཐའི་སྒོ་ཤེས་ལྡན་པ་དང་།། དུས་གསུམ་མཐའ་རྣམས་ལ་ནི་མ་ཆགས་དེས།། རྒྱལ་བ་རྣམས་ཀྱི་རིགས་མཆོག་ཐོབ་པར་འགྱུར།། འགྲོ་བ་བཅིངས
115a5 ལས་རྣམ་པར་གྲོལ་མཛད་ནས།། ཞིང་མཆོག་མྱ་ངན་འདས་པ་རྙེད་པ། ར་འགྱུར།། འགྲོ་ཀུན་རྨྱི་ལམ་ལྟ་བུར་དེར་གཟིགས་ནས།། འདིར་ནི་མྱིང་། དང་གཟུགས་ལ་སེམས་མ་ཆགས།། ཆོས་ཀུན་ལ་ནི་རྣམ་པར་དག་པའི
115a6 དམྱིག། ཞི་བ་དང་ནི་མྱི་གཡོ་མྱི་འགུལ་འཐོབ།། ཆོས་རྣམས་ཐམས་ཅ་ད་སཱ་མྱེད་སྐད་མྱེད་པ།། གཟུང་དུ་མྱེད་ཅིང་དངོས་མྱེད་རྣམ་པར་དག། དེ་བཞི་ན་རྒྱལ་བ་དམ་པ་རྣམས་ཀྱི་གདུང་།། ཞི་བའི་ངོ་བོ་ཉིད་དེ་སྨོན་པ་སྤངས།།
115a7 སུན་བྱེད་རིམས་ནད་མྱེད་ཅིང་བྱ་ངན་བྲལ།། སྤོམ་ཀུན་ཉེ་བར་འི་འདི་བསམ་གྱི་ཁྱབ།། རྒྱལ་བ་མཆོག་རྣམས་ཀྱི་ན་ཆོས་འདི་དག། གཟུང་བྲལ་རང་བཞིན་སྒྲ་དང་ག་མ་མཆིས།། འགྲོ་ལ་སྔམས་པ་སྐྱེས་བུ་དམ་པ་ཡིས།། དེ་ཡང་ཡིན།
115a8 རྣམས་ཀྱིས་གླེང་ཞིང་བསྟན། གང་གིས་འཇིག་རྟེན་བླ་མ་རང་བྱུང་མཐོང་།། མཐོང་ནས་ཀྱང་ནི་ཡིད་ལ་དང་བགྱིད་དང་།། ཁྱད་པར་འགྲོ་བའི་ཆོས་ཀྱང་ཉན་པའི།། ལྷ་དང་མྱི་རྣམས་རྙེད་པ་ལེགས་པར་རྙེད།། ཕྱོགས་དང་ཕྱོགས་མཚམས
115a9 ནམས་སུ་ཆོས་འདི་ནི།། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། གང་དག་མ་འོངས་སངས་རྒྱས་འགྱུར་བ་རྣམས།། ཐམས་ཅད་ཀྱང་ནི་མཉམ་པའི་ཆོས་སུ་འགྱུར།། སྒྲ་རྣམས་ཐམས་ཅད་བྲག་ཅ་ཙམ་དུ་བས།། དེ་ནི་བརྗོད




iiif viewer powered by OpenSeadragon

114b - 115b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo