| e-texts navigator |
| Wylie |
114b1 བར་བགྱིད།། བྱིས་པས་བདག་དང་བདག་གིར་འདིར་བཏགས་ནས།། བླུན་པོ་སྲེད་པས་གཟིར་བ་འདིར་མོངས་ཏེ།། འཁོར་བའི་འཁོར་ལོར་ཡོངས་སུ་འཁོར་བ་མ། སྡུག་བསྔལ་གྱིས་ནོན་ཞི་བ་འཐོབ་མྱི་འགྱུར།། འགྲོ་བའི
114b2 འཇུག་པ་འདི་ནི་ཡང་དག་མྱིན། གང་གི་འདུག་པ་དེ་ནི་མ་མཆིས་ཏེ།། འཚོ་བའི་འཇིག་རྟེན་ལྟ་བ་གཏི་མུག་མདོངས།། རྒྱུན་ཏུ་ཡང་དང་ཡང་དུ་སྡུག་བསྔལ་སྙེད།། ལྷ་རྣམས་སྡུག་བསྔལ་འཆི་འཕོའི་ཆོས་གཅིག་པ།།
114b3 རྣམས་ཀྱི་ནི་སྡུག་བསྔལ་ཆོལ་ཁྲོ་ལགས།། དམྱལ་བ་དག་གི་སྡུག་བསྔལ་གནོད་པ་རྣམས།། གཅིག་ལ་གཅིག་མཚམ་དུད་འགྲོ་རྣམས་ཀྱི་ལགས།། ཡི་དགས་སྡུག་བསྔལ་འདི་ན་བཀྲེས་དང་སྐོམ།། འཇིག་རྟེན་ཐམས་ཅད་སྡུག་བསྔལ།
114b4 རྣམས་སུ་ནུབ།། སྐྱབས་མྱེད་གྱུར་པ་དང་རྟེན་མྱེད་གྱུར་པའི།། འཇིག། རྟེན་སྡུཀ་བསྔལ་ཐམས་ཅད་གཟིགས་ནས་ནི།། དྲང་སྲོང་ཆེན་པོ་ཐུགས་བརྩེ་ཐུགས་རྗེ་ཅན། སྡུག་བསྔལ་རྣམ་པར་དཀྲོལ་ཕྱིར་འབྱུང་བར་མཛད།།
114b5 བྱང་ཆུབ་སེམས་དཔའ་སྐལ་མང་བྱེ་བར་ཡང་། བརྟུལ་ཞུགས་བརྟན་ནི་ང་ཕ་རོལ་ཕྱིན་ལ་རྩོམ།། སྲིད་ན་མཆིས་པ་དེ་འདྲ་མཁྱེན་ནས་ནི། 2དམ་ལས་རྒལ་ཏེ་སེམས་ཅན་རྣམས་ཀྱང་འདུལ།། གང་ཚེ་ཆོས་རྣམས
114b6 གསོག་དང་གསོག་ཏུ་གཟིགས།། ནམ་མཁའ་ཆང་སྟོང་འདྲ་ཞིང་སྙིང་པོ་མྱེད་དེ་དག་བདག་གི་ངོ་བོ་མ་མཆིས་པས།། བདག་མྱེད་དངོས་མྱེད་དངོས་པོ་མྱེད་མ་ལ་གས།། མཐའ་རྣམས་ཀུན་ཏུ་ལྟ་བ་ཀུན་སྤངས་ན། བྱང་ཆུབ་རྡུལ་མྱེད
114b7 རྣམ་དག་ཐོབ་པར་འགྱུར།། སྐྱེ་དངན་དང་གནོད་པར་བགྱི་བ་དང་། འཆི་དང་གནས་པ་གང་ལགས་སུ་ཡང་བྱེད།། ཀང་འདིར་སྐྱེ་དཔརྒ་དཔན་དཔའ་མི། ཤེད་ལས་སྐྱེས་དང་ཤེད་པུ་དེ་མ་མཆིས།། འདི་ན་བདག་དང་བདག་གི་མ་མཆིས་ཏེ།། ཀང།
114b8 ཟག་ཤེད་སྐྱེས་ཤེད་བུ་ཡོད་མ་མཆིས།། འདི་བརྫུན་བདག་པོ་མ་མཆིས་དབང་མ་མཆིས།། ། འཚོ་བའི་འཇིག་རྟེན་སྒྱུ་མ་ལྟ་བུར་འཇུག། བྱེད་པ་མ་མཆིས་ཚོར་བ་པོ་མ་མཆིས།། འོན་ཀྱང་ལས་མཆིས་འབྲས་བུའི་དོན་ཡང་མཆིས།། འགྲོ་བའི་ལས
114b9 ཀྱི་རྐྱེན་གྱིས་རང་བཞིན་འབྱུང་།། ཕན་ཚུན་དུ་ནི་རྒྱུ་ས་རྟེན་པར་འདུས།། དགེ་དང་མྱི་དགེའི་ལས་གང་བགྱིད་པ་དང་།། གང་ཞིག་བསྒོམས་དང་གང་ཞིག་མང་དུ་བགྱིས།། ཡུལ་ན་མ་མཆིས་ཕྱོགས་ན་མ་མཆིས་ཏེ། ངོ་བོ་ཉིད་སྟོང་འོན་ཀྱང་རྣམ