| e-texts navigator |
| Wylie |
114a1 མྱེད་གཟུང་དུ་མ་མཆིས་འདུས་མ་བགྱིས།། དེ་བཞིན་ཆོས་རྣམས་དྲི་མྱེད་རྣམ་པར་དག། འཇིག་རྟེན་རྣམ་པར་འདྲེན་པས་རབ་ཏུ་བསྟན།། ཡོད་དང་མྱེད་པར་ལྟ་བ་སྤངས་ནས་ཀྱང་།། རྣམ་དག་ཆོས་རྣམས་བདེ་བ།
114a2 གཤེགས་པས་གསུངས།། རྐྱེན་དང་བཅས་ཞིང་རྒྱུ་དང་བཅས་པ་སྟེ། སེམས་ཅན་མ་མཆིས་གང་དག་ཐོག་མ་མཆིས།། བཟོད་ནས་རྣམ་དག་ནམ་མཁའི་ངོ་བོ་ཉིད།། སྣུ་མ་སྐྱེག་རྩུ་ཆུ་ཟླ་འདྲ་བ་དང་། ཤིན་ཏུ་དག་པ་ནམ་མཁའི
114a3 ངོབོ་ཉིད།། གནས་པ་མ་མཆིས་སྲོག་དང་འདྲ་བའི་ཚུལ་སྔོན་གྱི་མཐའ་སྟོང་ཕྱི་བའི་མཐལ་ཡང་སྟོང་།། སྐྱེ་དང་འཇིག་པ་གནས་པའི་ཆོབ་སྟོང་། འདིར་ནི་དེ་དག་དངོས་མྱེད་དངོས་མྱེད་བྱིན།། འདི་དག་ཐམས་ཅད་རང་བཞིན་མ
114a4 མཆིས་སྟོང་། ཆོས་དབྱིངས་རང་བཞིན་ངོ་བོ་གང་ལགས་དེ།། སེམ་དས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་ལགས།། སེམས་ཅན་ཁམས་ཀྱི་རང་བཞིན་ངོ་བོ་གང་།། སངས་རྒྱས་ཆོས་ཀྱི་རང་བཞིན་ངོ་བོ་གང་།། དེ་ནི་ཆོས་ཀུན་ར།
114a5 བཞིན་ངོ་བོ་ཉིད།། ཆོས་ཀུན་རང་བཞིན་ངོ་བོ་གང་ལགས་པ།། སངས་རྒྱས་ཞིང་གི་ངོ་བོ་རང་བཞིན་དེ། སངས་རྒྱས་ཞིང་ཀི་རང་བཞིན་ངོ་བོ་གང་།། སངས་རྒྱས་བྱང་ཆུབ་རང་བཞིན་ངོ་བོ་དེ།། སངས་རྒྱས་བྱང་ཆུབ་རང་བནི
114a6 ངོ་བོ་གང་།། དེ་ནི་ཆོས་དབྱིངས་རང་བཞིན་ངོ་བོ་ཉིད།། ཆོས་རྣམས་ཀུན་ལ་རྣམ་པར་དག་པ་འདི། གང་ཚེ་བྱང་ཆུབ་སེམས་དཔས་དེ་ལྟར་མཐོང་།། དེ་ནས་རྒྱལ་རྣམས་ཡེ་ཤེས་དམ་པ་ཡིན།། བྱང་ཆུབ་མཆོག་ཏུ་དེ་ནི་ལུང་སྟོན་མཛད།། ཆོས།
114a7 རྣམས་བརྡ་དང་མྱིང་དང་ཐ་སྙད་ཙམ། མཉམ་པ་ལགས་ཏེ། མྱི་བདེན་མྱིང་དུ་བཏགས།། དེ་དག་སྔན་ཆད་སུས་ཀྱང་མ་ཐོབ་སྟེ། དེ་དག་གི་ནི་མྱིང་རྣམས་ཀུན་ཏུ་བརྗོད།། མྱིང་མ་མཆིས་པར་མྱིང་ནི་རྣམ་པར་བརྟགས།། ཆོས་རྣམས་སོང
114a8 སྟེ་རང་བཞིན་རྣམ་པར་དག། འཇིག་རྟེན་འདུ་ཤེས་མཁས་པར་རིག་ནས་ནི།། ཐ་སྙད་ཙམ་ལ་ཀུན་ཏུ་སྤྱད་པར་བགྱི།། ཆོས་ཀུན་སྒྱུ་མ་བཞིན་དུ་རིག་ནས་ཀྱང་།། མྱི་བདེན་སྙིང་པོ་མ་མཆིས་རྨྱི་ལམ་འདྲ།། རྣམ་སྤྱིར་རྒྱུ་དང་ཉིང་མཚམས
114a9 ཁྱོར་བཅས།། དེ་ལ་བདེན་པའི་འདུ་ཤེས་ཡོང་གྱི་བ་གྱི།། ཆོས་ཀུན་སླུ་བར་བགྱིད་ཅིང་འཇིགས་པ་ལགས།། སྦྲུས་ཕྱིག་སྐུ་འདྲས་གྱི་བདེ་དཔ་། མག་ལ་ལྕེའི་འཁོར་ལོ་གཟུགས་བརྙན་འདྲབ་མགས།། རྟག་ཏུ་ཕྱིས་པའི་རྒྱ་འོ་མ