e-texts navigator
Collection
Volume
Page
Wylie

113b1 དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཇི་ལྟ་བ་བཞིན་དུ་ཤེས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཇི་ལྟ་བ་བཞིན་དུ་ཤེས་པས། ཆོས་ཀྱི་འཁོར་ལོ་བླ་ན་མྱེད་པ་བསྐོར་བར་ནུས་སོ།། དེ་དག་གིས་ནི
113b2 པས་ཀྱི་རྒོལ་བ་རྣམས་ཚར་བཅད་པ་དང་། མུ་སྟེགས་ཅན་ཐམས་ཅད་ཟིལ་གྱིས་གནན་པ་དང་། དགྲ་ཐམས་ཅད་ཚར་གཅད་པའི་ཕྱིར་ཆོས་ཀྱི་དུང་འབུད་ནུས་སོ།། དེ་ནས་ཀླུའི་རྒྱལ་པོ་རྒྱ་མཚོ་བསམ་པ་འགྲུབ་ཅིང་། བརྣག་པ་དང
113b3 ཡིད་ལ་བསམ་པ་ཡོངས་སུ་རྫོགས་ཏེ། རང་གི་ལུང་བསྟན་པ་ཐོས་ནས། བར་སྣང་ལ་མངོན་པར་འཕགས་ཏེ། བཅོམ་ལྡན་འདས་ལ་ཚོགས་སུ་བཅད་པ་འདི་དག་གསོལ་ཏོ།། བདུད་རྣམས་སྡེ་བཅས་དཔུང་བཅས་ངེས་བཅོམ
113b4 ཞིང་། ལྟ་བ་ངན་པའི་ཚོགས་ཀུན་བཤིག་ནས་ནི། ཐུབ་པ་ཆེན་པོས་ཆོས་ཀྱི་ཆར་ཕབ་སྟེ། འཇིག་རྟེན་ཐམས་ཅད་བདུད་ཀྱི་ཚིམ་པར་མཛད། ཁྱོད་ནི་ཆོས་རྒྱལ་པོ་འཇིགས་ཕྱོགས་པ་ལགས།། འདམ་ལས་རྒྱལ་ཏེ་འཇིགས་མྱེད།
113b5 འགྲམ་ན་བཞུགས་འཇིག་རྟེམ་མྱིག་ཏེ་ལམ་མཆོག་སྟོན་པ་པོ་སྐྱེ་བོ་སྐྱབས་མ་མཆིས་པའི་བཀོན་པོ་ལགས། སྨན་པའི་རྒྱལ་ཁྱོད་ཟུག་རྔུར་འབྱིན་པ་ཡི།། སྨན་པ་རྒ་ཤི་མྱེད་པའི་སྨན་སྩོལ་བ།། ཙིན།
113b6 ཕྱིན་ཅད་ནད་རྣམས་མྱི་འབྱུང་བར།། ནད་དང་རྒས་དང་གཟིར་རྣམས་གསོ་མ་དད་པ།། ཁྱོད་ནི་སྟོན་སྐྱབས་ཐ་མ་གཅིག་པུ་ལགས། གཏན་ཏུ་དེ་བ་སྦྱིན་པ་ཁྱོད་ཉག་ཅིག། བྱེད་ནི་རུ་མྱ་འཛིན་པ་དོན་དམ་མཁྱེན་པ
113b7 ལགས།། འཁོར་བའི་སྡུག་བསྔལ་ལས་ནི་བཟློག་མཛད་པ།། ལྷའི་ལྷ་སྟེ་འགྲོ་བ་རྣམས་ཀྱི་གཙོ།། འཇིག་རྟེན་ཀུན་གྱི་སྒྲོན་མར་གྱུར་དཔ་ལགས།། ཁྱོད་དང་མཇལ་ན་འཇིག་རྟེན་ཏུ་ཆེན་ནལ།། མྱི་རྣམས་ཀྱི་ནི་མྱི་མཆོག་ཁྱོད
113b8 ཅིག། ཡེ་ཤེས་གཟུགས་དང་ཕ་རོལ་གནོན་པའི་ས།། ཐུབ་དབང་ཁྱོད་འདྲ་སུ་ཡང་མ་མཆིས་ཏེ།། ཁྱོད་ནི་ལྷར་བཅས་འཇིག་རྟེན་ཐམས་ཅད་ཀྱི།། སྟོང་པ་པོ་སྟེ་ཐར་པའི་ལམ་མཚོན་ལགས།། ཁྱོད་ནི་ཐམས་ཅད་ཟིལ་གནོན་ཀུན
113b9 མཁྱེན་མཆོག། འཇིག་རྟེན་ཆོས་རྣམས་ཀྱིས་ནི་ཁྱོད་མ་གོས།། ཀུན་མཁྱེན་ཕྲེད་བྲལ་ནས་གྲོལ་དཔའ་བ་དང་།། ཡེ་ཞེས་མཆོག་པ་རྙེས་ཁྱོད་ལ་བདག་ཕྱག་འཆས།། ཇི་ལྟར་བར་སྡང་ནས་མའ་ལརྣམ་པར་དག།། གཟུགས




iiif viewer powered by OpenSeadragon

113a - 114a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo