e-texts navigator
Collection
Volume
Page
Wylie

113a1 ངོ་མཚར་ཡང་མྱི་ཆེ་ལ་དཀའ་བ་མ་ཡིན་གྱི། ལས་དང་པོ་པ་གང་དག་གིས་བསྟན་པ་འདི་ཐོས་ན། མྱི་སྐྲག་མྱི་དངང་ཞིང་དངང་བར་མྱི་འགྱུར་བ་འདི་ནི་དེ་དག་གི་ཆེས་ངོ་མཚར་ཆེ་བ་དང་། ཆེས་དགའ་བ་བནདོ།། ར་ཀྱི་ལྡན།
113a2 རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་ནི་དེ་ལྟར་མོས་པར་དཀའ་བ་སྟེ། དེ་ལ་མི་ས་དང་བཅས་པའི་འཇིག་རྟེན་འཇུག་པར་མྱི་འགྱུར། འགྲོ་བར་གྱི་འགྱུར། མོས་པར་མྱི་འགྱུར། ཡིད་ཆེས་པར་མྱི་འགྱུར་བའི་ཕྱིར་རོ།།
113a3 རྒྱལ་པོ་ཆེན་པོ་རྣམ་གྲངས་འདིས་ཀྱང་གང་དག་ཆོས་ཟབ་མོ་བསྟན་པ་འདི་ལ་མྱི་སྐྲག་མྱི་དངང་བཞིང་དངང་བར་མྱི་འགྱུར་བའི་སེམས་ཅན་དེ་དག་ནི། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ་ཡིན་པ་དེ་ལྟར་རིག་པར་བྱའོ།། རྒྱལ་པོ་ཆེན་པོ།
113a4 གཞན་ཡང་འདི་སྙམ་དུ་སེམས་སྐྱེས་བུ་གང་གིས་ནམ་མཁའ་གཟུག་ས་ཅན་མ་ཡིན་བསྟན་ཏུ་མྱེད་པ་འདི། གཟུགས་ཅན་དུ་སྟོན་པར་བྱེད་ན་ཅི་དཀའ་བ་བྱེད་པ་ཡིན་ནམ།། གསོལ་པ། བཅོམ་ལྡན་འདས་མཆོག་ཏུ་དགའ
113a5 ལགས་སོ།། བདེ་བར་གཤེགས་པ་མཆོག་ཏུ་དཀའ་ལགས་སོ།། བ། དེ་བར་གཤེགས་པ་མཆོག་ཏུ་དཀའ་ལགས་སོ།། བཀའ་སྩལ་པ། ས་འདི་ལྟ་བུར་ཟབ་པ། ཟབ་པར་སྣང་བ་ཚོར་བ་ཐམས་ཅད་རྒྱུན་ཆད་པ།
113a6 བདག་མྱེད་པ་སེམས་ཅན་མྱེད་པ་དང་། སྲོག་མྱེད་པ། གསོ་བ་མྱེད་པ། གང་ཟག་མྱེད་པ་རྒྱུ་བ་མྱེད་པ་འདི་ལ་མོས་ནས་ཀྱང་། དེ་ཁོ་ན་བཞིན་དུ་བསྒྲུབ་པ་གང་ཡིན་པ་དེ་དག་ནི་དེ་བས་ཀྱང་ཆེས་དཀའ་བ་བྱེད་པ།
113a7 ཡིན་ཏེ། དེ་དག་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་མཐུན་པའི་དགེ་བ་དང་། འགྲོགས་པ་དང་། མཛའ་བཤེས་ཡིན་ནོ།། དེ་དག་གིས་ནི་སེམས་ཅན་རྣམས་ཀྱི་ཕྱིན་ཅི་ལོག་སྤང་བའི་ཕྱིར་ཆོས་སྟོན་ནུས་སོ།། དེ་དག་གིས་ནི་བྱང་ཆུབ་ཀྱི
113a8 སྙིང་པོ་མཆོག་དམ་པ་ལ་འདུག་ནས། བདུད་ཀྱི་དཔུང་བྱེ་བ་ཕྲག་བརྒྱ་བྱམས་པ་དང་། ཤེས་རབ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཀྱིས་གཞོམ་པར་ནུས་སོ།། དེ་དག་གིས་ནི་ཆོས་ཐམས་ཅད་ལ་དབང་བྱེད་པ་དང་། སེམས་དང།
113a9 པ་དང་། ཐམས་ཅད་མཁྱེན་པའི་ཡེ་ཞེས་མངོན་སུ་དུ་བྱེད་པ་དང་། སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པས་ཐམས་ཅད་མཁྱེནད་པའི་ཡེ་ཤེས་མངོན་པར་རྫོགས་པར་འཆང་རྒྱ་བམ་ནུས་སོ།། དེ་དག་གིས་ནི་སེམས་ཅད་ཐམས་ཅད་བརྡ་སྤང་།




iiif viewer powered by OpenSeadragon

112b - 113b

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo