e-texts navigator
Collection
Volume
Page
Wylie

112b1 ངེས་པ་མཉམ་པའི་མཐའ་ཅམ། གཉིས་སུ་མྱེད་པའི་མཐར་ངེས་པ་ཡེ། གཉིས་སུ་བྱེད་པའི་མཐའ་ནི་ཡང་དག་པའི་མཐའོ།། ཡང་དག་པའི་མཐའ་ནི་གཏན་དུ་མྱི་འབྱུང་བའི་མཐའོ།། མཐའ་ཅན་གང་ཡིན་པ་དེ་ནི་འདོད་ཆགས་དང་ཞེ་སྡང་དཔག་ཏི
112b2 མུག་རྣམས་སོ།། དེའི་མཐའ་ཅན་ནི་རྣམ་པར་གྲོལ་བའི་མཐའོ།། གང་མཐའ་དེའི་སྒོར་ཞུགས་པ་ནི། གང་དུ་ཡང་མངོན་པར་ཞེན་པ་མྱེད་དོ།། གང་མངོན་པར་ཞེན་པ་མྱེད་པ་དེ་ནི་ཐ་སྙད་ཀྱི་བརྡལ་ཆགས་པ་མྱེད་དོ།། མ་ཆགས་ན་བྲལ་བར
112b3 འགྱུར་རོ།། ཀྲོལ་ན་ཕྱིན་ཅད་ཀྱི་རྒྱུ་རབ་ཏུ་མྱི་རྒྱུའོ།། མྱི་རྒྱུ་རབ་ཏུ་ཀྱི་རྒྱུར། གང་དུ་ཡང་ཉམས་པར་མྱི་འགྱུར་རོ།། བྲོ་མ་ཉམས་ནཐམས་ཅད་ལས་ངེས་པ་མ་མཐོང་སྟེ། ཇི་ལྟར་རྣམ་པར་མྱི་མཐོང་བ་དེ་ལྟར་ཡང་མཐོང་ངོ་།། གང་གི་ཚེ་རྣམ་པར
112b4 མྱི་མཐོང་བ་དེའི་ཚེ། གཉིས་སུ་མྱི་འབྱེད་དོ།། གཉིས་སུ་མྱེད་པ་ལ་གནས་ཨུ། མཉམ་པ་ཉིད་ལ་འཇུག་གོ།། མཉམ་པ་ཉིད་ལ་ཞུགས་ན་མ་ཐོ་བར་མྱི་འ་གྱུར། དམའ་བར་མྱི་འགྱུར་རོ།། མཐོ་བ་ཡང་མྱེད་དཔལ་བ་ཡང་མྱེད།
112b5 མཉམ་པ་ཉིད་ཀྱི་ཆོས་ཀྱིས་རབ་ཏུ་ཕྱེ་བའི་བཟོད་པ་ཐོབ་པར་འགྱུར་ཏེ། དེ་ལ་བཟོད་པ་གང་ཡིན་པ་དང་། ལུང་བསྟན་པ་གང་ཡིན་པ་དང་གང་དུ་ང་བསྟན་པར་བྱ་བ་དང་། སུས་ལུང་བསྟན་པ་དང་། ཅིའི་ཕྱིར་ལུང
112b6 བསྟན་པའི་ཆོས་དེ་དག་ཐམས་ཅད་ཆོས་མཉམ་པ་ཉིད། ཆོས་མྱེད་པའི་ཆོས་ཀྱི་དབྱིངས་སུ་ངེས་པ་དང་། བརྡ་མྱེད་པ་དང་། འབྱུང་བ་མྱེདདང་། དངོས་པོ་དང་དངོས་པོ་མྱེད་པ་དང་བྲལ་བ་དང་། གཉིས་སུ་མྱེད
112b7 པའི་མཐའ་ཆད་དེ་དག་གི་དོན་ཡོངས་སུ་གཞལ་ནས། ཆོས་གང་ཡང་འགྲང་བར་མྱི་བྱེད་དོ།། དཔེར་ན་ནམ་མཁའ་ནི་བགྲང་དུ་མྱེད་ཅིང་བགྲང་བ་ལས་ཡང་དག་པར་འདས་པ་སྟེ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་དེ་དང་འདྲ་བར་ལྟ་བར་བྱའོ།།
112b8 ཀླུའི་རྒྱལ་པོ་རྒྱ་མཚོ་ལ་བསྟན་པ་འདི་བཤད་པ་ན། བྱང་ཆུབ་སེམས་དཔའ་ཉིས་བརྒྱས་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་པ་ཏོ།། དགེ་སློང་ཉིས་བརྒྱ་ནི་ལེན་པ་མྱེད་པར་ཟག་པ་རྣམས་ལས་སེམས་རྣམ་པར་གྲོལ་ལོ།། དེ་ནས
112b9 བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀླུའི་རྒྱལ་པོ་རྒྱ་མཚོའི་སྤོབས་པ་ནི་པོ་མཚརམ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩ་ལད་པ།། རྒྱལ་པོ་ཆེན་པོ་འདི་སྤོབས་པ་ནི




iiif viewer powered by OpenSeadragon

112a - 113a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo