| e-texts navigator |
| Wylie |
112a1 པར་རྙེད་དོ།། དེ་སྐད་ཅེས་སྨྲས་པ་དང་། ཀླུའི་རྒྱལ་པོ་རྒྱ་མཚོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་ཆོས་གང་ཡང་ལུང་བསྟན་དུ་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་ནི་བཟོད་མ་ནས་རྣམ་པ
112a2 དག་པའི་ཕྱིར་རོ།། རྒྱལ་པོས་སྨྲས་པ། ཀླུའི་བདག་པོ་སྔོན་དགེ་བའི་རྩ་བ་བསྐྱེད་པ་རྣམས་ཀྱང་ལུང་བསྟན་དུ་མྱེད་དམ། ཀླུའི་རྒྱལ་པོ་རྒྱ་མཚོས་སྨྲས་པ།། རྒྱལ་པོ་ཆེན་པོ་སེམས་ཅན་དུ་གདགས་པའི་ཕུང་པོ་དང་། ཁམས་དང་། སྐྱེས
112a3 རྣམས་སུ་ཟད་ལ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ནི་ལུང་བསྟན་དུ་མྱེད་དོ།། རྒྱལ་པོ་ཆེན་པོ་མྱང་དང་གཟུགས་ལ་སེམས་ཅན་དུ་གདགས་པར་ཟད་ལ། མྱིང་དང་གཟུགས་ནི་ལུང་བསྟན་དུ་མྱེད་དོ།། རྒྱུ་དང་ལྟ་བ་དང་། འདུ་ཤེས
112a4 དང་ཡིད་ལ་བྱེད་པ་ལ། སེམས་ཅན་དུ་གདགས་པར་ཟད་ན། རྒྱུ་དང་ལྟ་བ་དང་། འདུ་ཤེས་དང་། ཡིད་ལ་བྱེད་པ་དེ་ལ་ཡང་ལུང་བསྟན་དུ་མྱེད་དོ།། དགེ་བའི་རྩ་བ་གང་དག་གིས་བྱང་ཆུབ་སེམས་དཔའ་ཐམས་ཅད་མཁྱེན་པ
112a5 ཉིད་དུ་ཡང་དག་པར་འགྲུབ་པའི་དགེ་བའི་རྩ་བ་དེ་དག་ཀྱང་ལུང་བསྟན་དུ་མྱེད་དོ།། རྒྱལ་པོ་ཆེན་པོ་ཆོས་ཐམས་ཅད་ནི་སྟོང་པ་ཉིད་ཀྱི་མཚན་ཉིད་ཡི། ན་ལ་སྟོང་པ་ཉིད་ནི་ལུང་བསྟན་དུ་མྱེད་དོ།། རྒྱལ་པོ་ཆེན་པོ་ཆོས་ཐམས
112a6 ནི་མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པལ་མཚན་ཉིད་ཡིན་ལ། མཚན་མ་མྱེད་པ་དང་སྨོན་པ་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པའི་མཚན་ཉིད་ནི་ལུང་བསྟན་དུ་མྱེད་དོ།། རྒྱལ་པོ་ཆེན་པོ་གཞན
112a7 ཡང་སངས་རྒྱས་རྣམས་ཀྱི་སྙིང་རྗེ་ཆེན་པོ་འདི་ནི་ཟས་མ་གྱིས་ཀྱི་ཁྱབ་སྟེ། མྱིང་མྱེད་པ་དང་། མཚན་མ་མྱེད་པའི་ཆོས་ཐམས་ཅད་མྱིང་དང་མཚན་མས་སྟོན་པར་མཛད་ལ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་མྱིང་དང་མཚན་མའི
112a8 རྗེས་སུ་འབྲང་བའི་རྣམ་པར་ཤེས་པ་ཅན་ཡང་མ་ཡིན་ནོ།། རྒྱལ་པོ་ཆེན་པོ་ལུང་བསྟན་པ་འདི་ནི། འཇིག་རྟེན་བརྡ་སྤྲད་པར་ཟད་དེ། འདི་ལ་གང་ལུང་བསྟན་པར་བྱ་བའི་ཆོས་གང་ཡང་ན་པར་མ་ཕྱི་རོལ་ད་ན་མྱི་དམྱིགས་སོ།། རྒྱལ་པོས
112a9 སྨྲས་པ། ཀླུའི་བདག་པོ་བཟོད་པ་ཐོབ་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུབ་བསྟན་པ་མྱེད་དམ། སྨྲས་པ་རྒྱལ་པོ་ཆེན་པོ་བཟོད་པ་དེ་ཡང་སྐད་ཅིག་པ། ཟད་པའི་མཚན་ཉིད་མྱི་ཟད་པའི་མཐའ་ཅན་ས་བདག་པའི་མཐ