| e-texts navigator |
| Wylie |
111b1 བཞུགས་ཏེ། ལྷ་དང་མྱི་དག་ལ་ཆོས་སྟོན་ཏོ།། དེ་ཆོས་སྟོན་པ་ན་ཕྱོགས་བཅུ་ནས་བྱང་ཆུབ་སེམས་དཔའ་ཚད་མྱེད་གྲངས་མྱེད་པ་བརྒྱ་སྟོང་དག་ཆོས་མཉན་པའི་ཕྱིར་འོང་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་ན་སེམས་ཅན་སུ་ཡཱ།
111b2 ཆོས་ལ་ཞེ་འམས་པ་མྱེད་དོ།། དེ་ན་བདུད་སྡིག་ཅན་དག་དང་། གཞན་མུ་སྟེགས་ཅན་དག་གི་སླར་གདགས་པ་ཡང་མྱེད་དོ།། དེ་བཞིན་གཤེགས་པ་དེའི་སྐུའིཚེའི་ཚད་ནི། བསྐལ་པ་བཅུར་འགྱུར་རོ།། དེའི་བྱང་ཆུབ་སེམས
111b3 དཔའ་ནི་བགྲང་བ་ལས་འདས་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་དེ་ལྟར་ན་སངས་རྒྱས་ཀྱི་ཞིང་དེའི་བཀོད་པ་ནི་བསམ་གྱིས་མྱི་ཁྱབ་བོ།། ཆོས་བསྟན་པ་ཡང་བསམ་གྱིས་མྱི་ཁྱབ་བོ།། ཞམ་རིང་འཁོར་བྱང་ཆུབ་སེམས་དཔའ་ཡང
111b4 བསམ་གྱིས་མྱི་ཁྱབ་བོ།། ། ཀླུའི་རྒྱལ་པོ་རྒྱ་མཚོ་ལུང་སྙན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་མ་སྐྱེས་དགྲས་འདི་སྐད་ཅེས་གསོལང་ཏོ།། བཅོམ
111b5 ལྡན་འདས་ཆོས་ཐམས་ཅད་ནི་རྒྱུའི་རྗེས་སུ་འབྲང་བ་དང་། རྣམ་པར་བསྡུ་བས་ན་འབྱུང་བའི་མཚན་ཉིད་ལེགས་སྟེ། དེ་དག་ནི་དེ་ཇི་ལྟ་ཇི་ལྟར་འདོད་པ་དེ་ལྟ་དེ་ལྟར་རྣམ་པར་འགྲུབ་པ་ལགས་སོ།། བཅོམ་ལྡན་འདས་བྱ
111b6 ཆུབ་ཀྱི་སྤྱོད་པ་ནི་མཐའ་ཡས་པ་ལགས་སོ།། དེ་ལ་བྱང་ཆུབ་སེམས་དཔས་ནི་ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སངས་རྒྱས་ཀྱི་ཞིང་ཡོངས་སུ་མ་བཟུང་བ། དེ་སྲིད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད
111b7 བར་བགྱིའོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིཔ་ནི་ཀླུའི་རྒྱལ་པོ་རྒྱ་མཐོང་ས་བདེ་བཞིན་དུ། སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱང་བར་བགྱིའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩས་དཔ། རྒྱལ་པོ་ཆེན་པོ་བྱོད་ཇི
111b8 མད་ཟེར་བ་བཞིན་ཏེ། ཆོས་ཐམས་ཅད་ནི་ཡིད་ལ་བྱེད་པ་ལས་བྱུང་སྟེ། ཆོས་ཐམས་ཅད་བྱེད་པ་བྱེད་པའི་ཕྱིར་དེ་དག་ཇི་སྐར་འདོད་པ་བཞིན་དུ་རྣམ་པར་འགྲུབ་བོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས།། ཀླུའི་རྒྱལ་པོ་རྒྱ་མ་ཆོལ་འདི་སྐད
111b9 ཅེམ་སྨྲམ་སོ་པ་ཀྲུའི་བདག་པོ་གང་ཁྱོ་པའི་ན་གཤེགས་པས་འདི་སར་སངས་རྒྱས་ཀྱི་ནི་བྱི་ཡི་ཏད་ཀྱི་རྒྱན་བཀོད་པ་བསས་ཀྱིས་ཀྱི་ཁྱབ་པ་ཟི་མྱེད་པ་ཡང་དག་པར་རྫོགས་པའི་བྱ་བཆུབ་ཏུ་རུང་བསན་པའི། ཁྱོད་ཀྱི་རྙེད་པའིན