| e-texts navigator |
| Wylie |
111a1 བ་འདི་ལྟ་སྟེ། སྭཱའི་སྒྲ་འམ། མྱིའི་སྒྲ་འམ། མྱི་མ་ཡིན་པའི་སྒྲ་འམ། སྤྲུལ་པའི་སྒྲ་འམ། བྱའི་སྒྲ་འམ། རླུང་གི་སྒྲ་ཡང་རུང་སྟེ། སྭ་དེ་དག་ཐམས་ཅད་ཆོས་དང་ལྡན་པར་འབྱུང་བར་འགྱུར་རོ།། དེ
111a2 བཞིན་དུ་ཞི་བ་དང་ལྡན་པ་དང་། རབ་ཏུ་ཞི་བ་དང་ལྡན་པ་དང་། ཉེ་བར་ཞི་བ་དང་ལྡན་པ་དང་། དཀའ་བ་དང་བདེན་པ་དང་ལྡན་པ་དང་། སངས་རྒྱས་ཀྱི་ཆོས་དང་ལྡན་པ་དང་། ཕ་རོལ་ཏུ་ཕྱིནད་པ་དང་ལྡན་པ་དང་། བསྡུ་བའི་དངོས་པོ་དང་ལྡན་པ་དང་།
111a3 ཐབས་ལ་མཁས་པ་དང་ལྡན་པ་དང་། སྐྱོ་བ་དང་འདོད་ཆགས་དང་བྲལ་བ་ཇི་ལྟ་བ་དང་། སྟོང་པ་ཉིད་དང་། མཚན་མ་མྱེད་པ་དང་། སྨོན་པ་མྱེད་པ་དང་། མངོན་པར་འདུ་བྱེད་པ་མྱེད་པ་དང་ལྡན་པའི་སྒྲ་དག་འབྱུང་བར་འགྱུར་ཏེ། དེས་ན་འཇིག
111a4 རྟེན་གྱི་ཁམས་དེའི་མྱ་ཆོས་ཀྱི་སྔ་ཟག་པ་ཞེས་བྱ་བར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེ་ལྟ་དང་མྱི་གང་དག་སྐྱེ་བ་དེ་དག་ཐམས་ཅད་ཀྱང་ཆོས་ཀྱི་དཀའ་བའི་ཟས་ཁོ་མ་དང་ལྡན་པར་འགྱུར་ཞིང་མངོན་པར་ཤེས་པའི་ཤེས་པ་ལ་མཁས་པ་དང་།
111a5 བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ཐེ་ཙོམ་མྱེད་པ་ཤ་སྟག་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤི་ནད་ཏུ་དྲི་མ་མྱེད་ཅིང་ཡོངས་སུ་ད་ག་ལ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་དེ་ཡང་ག།
111a6 གི་ཚེ། ཆོས་སྟོན་པར་བཞེད་པ་དེའི་ཚེ། ཉིད་ཀྱི་སྐུ་ལས་འོད་འགྱེད་པ་རམཛད་དེ། འོད་དེས་སངས་རྒྱས་ཀྱི་ཞིང་ཐམས་ཅད་སྣང་བར་འགྱུར་རོ།། དེ་བཞིན་གཤེགས་པའི་འོད་དེ་ལས་ཀྱང་། སངས་རྒྱས་བྱེ་བ་ཕྲག་སྟོང
111a7 གསུམ་པའི་ཆོས་སྟོན་པ་འབྱུང་བར་འགྱུར་རོ།། དེ་ན་ལྷ་དང་མྱི་རྣམས་ཀྱིས་དེ་བཞིན་གཤེགས་པའི་འོད་དེ་ཡང་མཐོང་ལ། ཆོས་བསྟན་པ་དེ་ཡང་ཐོས་ནས། དགའ་བ་དང་མཆོག་ཏུ་དགའ་བ་བློ་རྒྱ་ཆེར་སྐྱེས་ཏེ། བཅོམ་ལྡན་འདས་དེ་བ
111a8 གཤེགས་པ་ཤི་ནད་ཏུ་དཱི་མ་མྱེད་ཅིང་ཡོངས་སུ་དག་ལ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་དེ་ཀ་ལ་བ་དེར་དོང་སྟེ། ལྷགས་ནས། དེ་བཞིན་གཤེགས་པ་དེ་ལ་མཆོད་པ་ཚད་མྱེད་པ་བྱས་ཏེ། རྫུ་འཕྲུལ་དང་མངོན་པར
111a9 ཤེས་པའི་སྟོབས་ཀྱིས།། ནམ་མ་བའི་དཀྱིལ་མ་རིན་པོ་ཆེའི་བཀོད་པ་ཆེན་པོའི་དང་ལྡན་པའི་པད་པ་དག་ལ་བསྐྱིལ་མོ་ཀྲུང་བཅས་ཏེ། འཁོད་པར་འགྱུར་རོ།། དེ་བཞིར་གཤེགས་པ་དེ་ཡང་རྣམ་མ་པའི་དཀྱིས་ཉིད་ནི། མང་གེའི་དྲིམ