e-texts navigator
Collection
Volume
Page
Wylie

110b1 འགྱུར་ད་པ་གཞན་ཞིག་ཡིན་སྙམ་དུ་ཁྱོད་སོམ་ཉི་འམ་ཡིད་གཉིས་སམ་ཐེ་ཙོམ་ཟ་ན། རྒྱལ་པོ་ཆེན་པོ་ཁྱོད་ཀྱིས་དེ་ལྟར་མྱི་བལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཉིད་དེའི་ཚེ་དེའི་དུས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ།
110b2 ལྷས་བཅའ་ཞེས་བྱ་བར་གྱུར་ཏོ།། དེ་ཡང་དེའི་དང་པོ་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཡིན་ནོ།། རྒྱལ་པོ་ཆེན་པོ་ཁྱོད་འདི་སྐད་དུ། ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ཡུན་ཇི་སྲིད་ན། བླ་མ་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར
110b3 འཚང་རྒྱ་བར་འགྱུར་ཞེས་བྱ་བ་དེ་ཉོན་ཅིག། རྒྱལ་པོ་ཆེན་པོ་ཀླུའི་རྒྱལ་པོ་རྒྱ་མཚོ་འདི་ནི་བསྐལ་པ་གྲངས་མྱེད་པ་ཉིས་བརྒྱན། བསྐལ་པ་དཔལ་གྱི་མེ་ཏོག་བྱ་བ་ལ། འཇིག་རྟེན་གྱི་ཁམས་ཆོས་ཀྱི་སྒྲ་གྲག་པ་ཞེས་བྱ་བར་བཅོམ་ལྡན་འདས
110b4 དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ་ཁ་ལོ་སྒྱུར་བ་བླ་ན་མྱེད་པ་ལྷ་དང་མྱི་རྣམས
110b5 ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤིན་ཏུ་དྲི་མ་མྱེད་ཅེ་ང་ཡོངས་སུ་དག་ལ་ཡོན་ཏན་གྱི་ཚོགས་མཐའ་ཡས་པ་ལས་བྱུང་བའི་རྒྱལ་པོ་ཞེས་བྱ་བར་འགྱུརརོ།། རྒྱལ་པོ་ཆེན་པོ་འཇིག་རྟེན་གྱི་ཁམས
110b6 ཆོས་ཀྱི་སྒྲ་ཀླག་པ་དེ་ནི་རིན་པོ་ཆེས་ཡས་སྤྲས་པར་འགྱུར་ཏེ། འཛམ་བུ་ཆུ་བོ་གསེར་ལས་གྲུབ་པ། རིན་པོ་ཆེ་སྣ་ཚོགས་དུ་མས་བྲིས་ཤིང་། མྱིག་མངས་རིས་རྣམ་པར་ཕྱེ་ལ། ལག་མཐིལ་བཞིན་དུ་མཉམ་སྟེ
110b7 ཀ་ཎ་ལིན་དཀའི་གོས་བཞིན་དུ་འཇམ་ཞིང་རེག་ན་བ་དེ་ལ་ཡངས་ཤིང་ཐག་པུ་མེ་སྟེ། གླེང་བྱེ་བ་ཕྲག་འབུམ་དང་ལྡན་ལ། འབྱོར་པ་དང་རྒྱས་པ་དང་། བདེ་བ་དང་། ཡིད་དུ་འོང་བ་སྟེ། ད་བཀྱི་མང་པོ་དག་གིས་གངས།
110b8 གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱི་ཉེ་བར་སྤྱད་པ་དང་། སོང་སྤྱོད་ཇི་ལྟ་བ་བཞིན་དུ་གྱིཀྱི་དེ་དག་ཀི་ཡང་དེ་དང་འདྲ་བར་འགྱུར་རོ།། འཇིག་རྟེན་གི་ཁམས་ཆོས་ཀྱི་སྔ་གྲག་པ་ཞེས་བྱ་བ་དེ་ན། རིན་པོ་ཆེ་ཐམས་ཅདས་འགྲུབ་ན
110b9 ཞིང་ཏེ་ལ་འི་མེང་བ་དག་འབྱུང་བར་འགྱུར་ཏེ། ཤི་གས་དེ་དག་རྒམ་མོ་དང་། མེ་ཏོག་དང་། འབྲས་བུ་ཐམས་ཅད་ལ་མཆོས་ཀྱི་ཟག་ཐེག་ཟས་འདུས་མང་པོ་དག་འབྱུང་ངོ་།། ལག་རྟེན་གྱིརྣམས་མེ་འདི་སྲི་མ




iiif viewer powered by OpenSeadragon

110a - 111a

Texts on this page

Ng5.2 - 'phags pa klu'i rgyal po rgya mtshos zhus pa zhes bya ba theg pa chen po'i mdo